[A:༡༩༤]ཆེན་གྱི་མཁན་རིན་པོ་ཆེ་བསམ་གཏན་ལྷུན་པོ་ལ། ཁྱེད་མུས་ཆེན་སངས་རྒྱས་རྒྱལ་མཚན་གྱི་སྐུ་སྐྱེ་ཡིན་པས་ཁོ་བོས་གྲལ་འགོར་བཞུགས་གསུངས་པ་སོགས་འཇམ་མགོན་ཨ་མེས་ཞབས་ཀྱི་རྣམ་སྤྲུལ་དུ་ཞལ་གྱི་བཞེས་ཤིང་། ཨ་མེས་ཞབས་ཀྱི་ཡོལ་མོ་སྤྲུལ་སྐུ་རིན་པོ་ཆེ་བསྟན་འཛིན་ནོར་བུ་ལ་གསུང་བརྟག་ཞུ་བར་མཛད་པའི་མཁའ་འགྲོའི་གསང་ལུང་དུ། སྦས་ཚུལ་གྱི་ཡང་སྲིད་གཉིས་ཕེབས་པར་གསུངས་པའི་གཅིག་འདི་ཡིན་ཞིང་། གཅིག་ཡབ་རྗེ་རྡོ་རྗེ་འཆང་རཏྣའི་མཚན་ཅན་ཡིན་པར་ཁོ་བོས་གདུང་རབས་གསོལ་འདེབས་ཁ་སྐོང་ལྷུན་གྲུབ་རྒྱུན་སྐྱོང་སུ་སྨོས་པ་ལྟར་རོ། །
དེ་དུས་བཞུགས་ཚེར་དུ་ལྷ་བསངས་རྒྱས་པ་ཞིག་མཛད་དེ་དེའི་ཆས་སོགས་ཉེར་མཁོ་རྣམས་ཞག་ཤས་བར་མ་བསྡུ་ཞིག་གསུངས་ཀྱང་། གཞན་དབང་གི་བློ་བུར་དུ་བསྡུས་པས་ཡབ་རྗེ་སོ་བདུན་གྱི་སྐབས་ཞིང་ཁམས་བརྗེས་པ་སོགས་མ་འོངས་པའི་རྟེན་འབྲེལ་དེ་ལྟར་དུ་གྱུར། མཐར་དགུང་གྲངས་ཉེར་བཞིར་ཕེབས་ཕེབས་སྐབས་ཁྲི་ཆེན་གོང་མ་གཞན་དོན་ལ་དགོགས་པའི་དགོངས་རྫོགས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་སྒྲུབ་མཆོད་ཚུགས་པའི་ཚེས་གསུམ་གྱི་ཐོ་རེངས་མནལ་ལམ་དུ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱི་ཁྲོད་ན་ཁྲི་ཆེན་དེ་ཉིད་ཁྲི་སྟན་མཐོན་པོའི་སྟེང་ན་བཞུགས་ཤིང་ད་དུང་ཁྲི་སྟོང་པ་ཞིག་ཀྱང་འདུག་པ་ལས་ཁྲི་