[A:༡༩༦]ཞེས་གསུགས་ཤིང་། དེ་ནས་ཟླ་ཤས་སོང་རྗེས་ཞིང་བརྗེ་བར་ཉེ་བ་ན་ཉིན་གཅིག་གློ་བུར་དུ་གནང་ཉིན་འོ་སྐོལ་འགྲུལ་ཆེན་པོ་ཞིག་ལ་འགྲོ་དགོས་ཡོང་གསུང་བར། ཞབས་ཕྱི་རྣམས་ཀྱིས་དེ་ལྟར་ན་ཐུགས་གྲ་གང་ཡང་མ་སྒྲིགས་པས་ཇི་ལྟར་ཕེབས་ལེགས་ཞུས་པས། དངོས་ཀྱི་འགྲུལ་མིན་པ་ཞིག་ཡོང་ཞེས་གསུངས་པ་བཞིན་གནང་དུས་དེ་ལ་བསྙུན་གཞི་གློ་བུར་བ་ཞིག་བཞེས་པའི་ཚུལ་གྱི་ལྕགས་ལུག་ཟླ་བ་ལྔ་པའི་ཉེར་ལྔའི་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་ཚེ། དཔལ་ས་སྐྱའི་རིགས་འཛིན་ཕོ་བྲང་ལ་འཇའ་ཟུག དེ་ནས་མ་འགྱངས་པར་རྗེ་བཙུན་མཁའ་སྤྱོད་དབང་མོ་ཀུན་དགའ་བསྟན་པའི་ཉི་མ་འཁྲུངས་པས་སྐུ་སྐྱེར་ངོས་འཛིན་བྱེད་ཀྱང་ཁོ་བོ་ནི་གོང་ལྟར་རོ། །
དེ་ནས་དགོངས་རྫོགས་གྲུབ་མཐའ་རིས་མེད་དགོན་ཁག་མང་པོར་མང་འགྱེད་མཆོད་འབུལ་སོགས་ཟབ་ཅིང་རྒྱ་ཆེ་བ་དང་ནང་རྟེན་དངུལ་གདུང་རིན་པོ་ཆེ་ཤིིན་ཏུ་ཆེ་ཞིང་བཟོ་དབྱིབས་ཕྲ་རྒྱན་གྱིིས་ཕྱུག་པ་སོགས་ཞབས་རྗེས་དངོས་གཙང་བར་མཛད་དོ། །