[A:༡༩༧]༄༅ ངག་དབང་ནོར་བུ་རྒྱལ་མཚན།
སྲས་གཞོན་པ་ངག་དབང་ནོར་བུ་རྒྱལ་མཚན་ནི་ས་བྱ་དབོ་ཟླའི་ཚེས་གཉིས་ལ་སྐུ་བལྟམས་མ་ཐག་ཞབས་རྡོ་རྗེ་སྐྱིལ་ཀྲུང་། ཕྱག་ཆོས་འཆད་ཀྱི་ཕྱག་རྒྱ་དང་བཅས་ཏེ་སཾ་ཀྲྀ་ཏའི་སྐད་དུ་ཆོས་གསུངས་ཤིང་། སྐུ་ནར་སོན་ནས་ཀྱང་མཁེན་རབ་ཤིན་ཏུ་རྣོ་བས། ལན་རེ་ཀླགས་པ་ཙམ་གྱིས་ངེས་པ་ཐུགས་སུ་ཆུད་པ་ཞིག་སྟེ། སྐུ་ན་ཕྲ་མོའི་སྐབས་རྙིང་ལུགས་ལ་ཅུང་ཞིག་མི་དགྱེས་པའི་ཚུལ་བསྟན་ཅིང་། གཏེར་བདག་གླིང་པ་ཆེན་པོ་རྩེ་གདོང་དུ་ཕེབས་སྐབས། ཞབས་དྲུང་ནས་བདག་གི་པུ་ཏི་རྒྱ་ཁབ་ཚད་མ་ཞིག་གི་ཚད་ཙམ་ཉིན་གཅིག་ལ་འཛིན་ཐུབ་གསུང་བར། དེ་འདྲ་རང་ཨེ་བདེན་ནམ་གསུངས་པས། འོ་ན་སྐུ་ཞབས་ཐུགས་ཡིད་ཆེས་ཕྱིར་སང་ཉིན་ཉི་མ་ཤར་བ་ནས་དགོང་ཇ་བར་ལ་འཛིན་ཐུབ་པར་བྱེད། དེ་ཡང་ཐུགས་ཡིད་ཆེས་ཕྱིར་སྔར་རྙིང་ལུགས་ཀྱི་དཔེ་ཆ་ལྟ་རྟོག་མ་མྱང་བས་གཏེར་ཆེན་རིན་པོ་ཆེའི་ཕྱག་དཔེ་ཞིག་དགོས་གནང་བར། གཏེར་གསར་རིག་འཛིན་ཐུགས་ཐིག་དང། གཤིན་རྗེ་དྲེགས་འཇོམས་ཀྱི་པུ་ཏི་སྡོམ་པར་ཁབ་ཚད་ལོངས་པ་ཞིག་གནང་བར། ཉི་ཤར་ནས་དགོང་ཇའི་བར་ལ་ལྗགས་འཛིན་གྲུབ་སྟེ་