[A:༡༩༩]དེ་ལྟར་བསྟན་འགྲོའི་དོན་རླབས་ཆེན་མཛད་སྐབས་སྙིགས་མའི་རང་མདངས་ཟློག་མེད་ལྟ་བུས་རྩེེ་གདོང་ཆོས་སྲིད་ལ་འཕོ་འགྱུར་བྱུང་ཚུལ་ནི། དེ་ཡང་གཏེར་སྟོན་བདུད་འདུལ་གླིང་པས་སྤ་གྲོ་སྟག་ཚང་བྲག་ནས་ལུང་བསྟན་རིགས་གསུམ་བཞེས་པའི་ལུང་བྱང་ལས། གཙང་གི་རྩེ་གདོང་དུ་རུ་ཁའིཿ གདུང་ལ་ཉམས་ཆག་འབྱུང་ཉེན་ཆེཿ ཞེས་གསལ་བ་དང། གཞན་ཡང་དཔལ་མགོན་ཞལ་གྱི་རྣམ་སྤྲུལ་གཡག་རྭ་ལྔ་གྲགས་པ་འདི་སྔ་ཐོག་མྱ་ངན་ལས་འདས་ཚུལ་བསྟན་སྐབས་ཞལ་ངོ་རྣམས་ཀྱིས་མ་མཁྱེན་པར་གཞན་གྱིས་དེའི་དབུ་སྤྱོད་ལམ་ངུ་སྐྱུར་བས་རྩེ་གདོང་བར་སྐབས་ཉམས་ཆག་ཏུ་འགྲོ་བའི་རྟེན་འབྲེལ་ཤར་ཤིང་། སླར་དབུ་གར་སོང་འདྲི་བར་མཛད་པས། ལས་བྱེད་རྣམས་ཀྱིས་རྒྱུ་མཚན་ཞུས་པ་བཞིན། སྤྱོད་རྟེན་དང་བཅས་པར་བྱི་དོར་གྱིས་གཙང་བ་མཛད་པ་དང་ཆབས་ཅིག དེ་ཉིད་ལ་ཁྲུས་དང་མངའ་གསོལ་རབ་གནས་བསྐང་བ་སོགས་རྒྱས་པའི་སྒོ་ནས་རྟེན་འཛུགས་མཛད་པ་དེར། སྡེ་སྲིད་ཟངས་རི་བ་ལྷ་ས་རྫོང་པའི་སྐྱེ་བས་སྙན་ཤལ་ཕུལ་བའི་རྐྱེན་གྱིས། ཞལ་ཁྱིམ་གྱི་སྤུ་རྣམས་གྱེན་དུ་ལངས་ཤིང་། ཤངས་ཐད་ཀྱི་རློན་གཤེར་ཡོད་པ་ཅུང་ཟད་སྐམ་པས་ཞལ་ངོ་རྣམས་ལ་མི་ཤིས་པ་དང་། རྩེ་གདོང་སྐུ་རིམ་ཆེན་མོའི་འཆམས་ཀྱི་སྐབས་སུ་པུ་ཏྲའི་སྐུ་འབག་གི་ཞལ་ནང་ནས་ཁྲག་གི་རྒྱུན་