[A:༢༠༠]འཛགས་པ་དང་། རྐང་གླིང་འབུད་མི་རྣམས་ཀྱི་བྱད་བཞིན་ལ་ཚོན་བྱུག་པའི་ཕྱག་ལོན་གནང་བར་ཚོན་དེ་དམ་ཆེས་པ་ལྟ་བུའི་འབུད་མི་རྣམས་ཀྱི་མཆུ་ཟུམ་མ་ཐུབ་པར་རྐང་གླིང་འབུད་མ་ཐུབ་པ་དང་། དགེ་འདུན་རྣམས་ཀྱི་ཚོགས་གྲལ་ལ་བོང་བུ་ཕོ་མོ་གཉིས་ཀྱི་འབྲོས་འདེད་བྱས་པ་དང་། ན་ཁྲ་ཟེར་བའི་ན་ར་རྩྭ་བརྔའི་སྐབས་བོང་བུ་རྣམས་ཀྱིས་བཞས་བྱས་པ་དང་། གཞན་ཡང་སྐྱེ་བོ་རྣམས་ཀྱིས་ཚིག་ཤིན་ཏུ་མི་ཤིས་པའི་གླུ་སྒྲོག་དང་། ཤིང་སྤྲེ་ས་སྐྱའི་དུས་མདོས་ཉེར་དགུའི་ཟོར་འཕང་གྲུབ་ནས་ཡར་ལམ་འཇམ་དབྱངས་བསོད་ནམས་དབང་ཕྱུག་གི་ཐུགས་དམ་མ་མགོན་པོའི་འཆམས་སྐུ་འགྱེལ་བས་རྡུལ་ཐོན་པ་སོགས་བྱུང་འདུག་ཅིང་། རྐྱེན་ནི་ཕྱག་མཛོད་མཚུངས་མེད་དུ་གྲགས་པ་དེས་ཁྲི་ཆེན་གོང་མའི་ཞབས་འགྱུར་ཇི་བཞིན་མ་བྱུང་བས་ཁྲི་ཆེན་གཤེགས་རྗེས་རྗེ་དེ་ཉིད་ཀྱི་གཅུང་གི་ཕྱག་མཛོད་རྩིས་བཞེས་ཀྱི་ཁོ་པར་ཚ་ལེན་མཛད་པས་དམ་ཉམས་དེ་དང་དེའི་རྗེས་འབྲེལ་ལ་བཙུན་སྲང་སྨད་ཤར་ཕྱོགས་པ། འདྲེན་དཔོན་པ། ཐོང་དགའ་བ་སོགས་ཀྱི་ཞབས་འདྲེན་སྒྲུབ་འདོད་ཀྱི་ཁ་ཕྱིར་ལྟས་ངོས་མཚུངས་མེད་ཀྱི་ཚ་བོ་བན་ལོག་དང་། སྲང་སྨད་གཉིས་འདམ་དུ་ཕྱིན་པའི་ལྷ་བསང་ཁང་གི་སྐུ་མཆེད་བསྟན་འཛིན་དབང་རྒྱལ་གྱི་བཙུན་མོ་ཆོས་སྐྱིད་ལ་མགོ་ལྟས་ཤིང་། དེ་གཉིས་སོག་པོ་ཁ་ཤས་དང་བཅས་