R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༠༡
[A:༢༠༡]རྩེ་གདོང་དུ་ཡོང་སྟེ་ཐུགས་བསུན་ཞུས་པར་དམ་ཉམས་དེ་དག་ལ་དམིགས་གཏོར་བཟློག་མཛད་པ་ན་དེ་དག་གིས་བྱང་བརྒྱུད་རྒྱལ་པོར་མཐུ་བྱས་སོ་ཞེས་བཙུན་མོ་ཆོས་སྐྱིད་ལ་ཞུ་ལོག་བྱས་པས་རྒྱལ་པོའི་དྲུང་དུ་བདག་ཆེན་བསོད་ནམས་དབང་རྒྱལ་ཉིད་བྱོན་པ་ཤེར་སྦྱང་གི་དག་ཡིག་རྒྱལ་པོའི་ཐམ་ཀ་ཅན་མཛད་འདུག་ཅིང་། ལོ་རྒྱུས་འདི་ལ་མཁས་རྨོངས་ཀུན་གྱིས་ཤེས་པར་། རྩེ་གདོང་པའི་གདུང་བརྒྱུད་རྣམས་བོན་དང་མུ་སྟེགས་སོགས་ཀྱི་རྗེས་སུ་འབྲངས་པའི་རྒྱུ་འབྲས་མི་ཤེས་པའི་ངེས་པ་ཡོད་ན། རྒྱལ་པོ་མཁྱེན་རྒྱ་ཅན་རྣམས་ལའང་ཚིག་ཟུར་ཙམ་གྱི་དགོངས་པར་འཆར་བདེ་མིན་ཡོང་བ་ཐུགས་དག་ཀྱང་། དེ་འདྲ་ཡིན་མིན་ནི་བོད་ཙམ་དུ་མ་ཟད་རྒྱ་སོག་ཀུན་ལ་རླུང་ལྟར་གྲགས་ཤིང། རིས་མེད་བསྟན་འཛིན་ཐམས་ཅད་ཀྱང་འཁོན་གྱི་གདུང་བརྒྱུད་ཞེས་ཚད་མར་རྗེས་འཛིན་མཛད་པ་ཐུགས་རྒྱུས་ཡོད་བཞིན་དུ། རྩེ་གདོང་པའི་མི་འཁྱམས་གལ་ཏེ་རྒྱལ་པོ་རང་གིའང་ཞབས་གྲས་སུ་ཆུད་ནས་ཐུགས་བློས་བཀལ་ན་ནམ་ཞིག་ནས་ཕྱི་ནང་གི་ལ་རྒྱ་ཚང་མ་དཀྲུག་ཤིང་བྱེད་པ་དེ་དག་ཁ་འཆལ་ལ་རྒྱལ་བའི་བཀའ་ལྟར་ཚད་མར་མཛད་དེ་དེ་མ་ཐག་ཀུན་མཁྱེན་རྒྱལ་བའི་དབང་པོ་ཡབ་སྲས་སོགས་བསྟན་འཛིན་དམ་པ་རྣམས་ཀྱི་དབུ་འཕངས་དམོད་པ་དང་། གོང་མ་བདག་པོ་ཆེན་པོ་སོགས་རྒྱལ་བའི་བསྟན་པ་རིན་