R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༩
[A:༡༩]དབང་ཆོས་གྲགས་སོགས། བསྟེན་ཅིང་ཞལ་སློབ་ཉི་ཟེར་རྡུལ་ལ་འགྲན། སྐུ་མཆེད་གསུམ་ལ་སྡེ་སྲིད་ལྷུན་རྩེ་མའི། ཉེ་གནས་ཚ་ཤོད་མཐོང་སྨོན་བུ་སྲིང་མ། བཀྲ་ཤིས་དཔལ་གྱི་བུ་བསྐྱེད་ཅེས་བྱ་ལས། ལྕམ་གཅིག་གདུང་གཅིག་བྱུང་ཡང་ཆུང་ངུར་གཤེགས། དེ་ནས་ཀོ་ཆག་འགྲོ་མགོན་འཇིགས་བྲལ་བའི། སྲས་མོ་ཨཽཊྱ་ན་སྐྱབས་མ་བཞེས་པ་ལས། ཡབ་རྗེ་ཞེ་གཉིས་ས་སྟག་འཇམ་པའི་དབྱངས། ངག་དབང་བསོད་ནམས་དབང་ཕྱུག་བལྟམས་ནས་ལོ། ཞེ་བརྒྱད་ཤིང་གླང་བར་བཞུགས་དེ་ཉིད་ཀྱིས། ཡབ་རྗེ་ངག་དབང་རྣམ་རྒྱལ་ཞ་ལུ་པ། རིན་ཆེན་བསོད་ནམས་མཆོག་གྲུབ་ཀ་སྤེ་བ། བསྟན་པ་རབ་རྒྱས་ལྷུན་གྲུབ་དཔལ་ལྡན་པ། བྱང་བདག་བསོད་ནམས་གྲགས་པ་ལ་རུ་བ། ངག་དབང་དཔལ་བཟང་སོགས་ལས་གསན་མཐར་ཕྱིན། ཉིད་ཀྱི་རིགས་སྲས་ལ་སོགས་སློབ་ཚོགས་ནི། ཀུན་གསལ་སྐར་གྲངས་ལྟ་བུའི་བདག་ཉིད་དེས། བདག་ཆེན་ཤར་མོ་པད་དཀར་བུ་ཁྲིད་ལས། ཡབ་རྗེ་བཅུ་དགུ་མེ་སྤྲེར་རིགས་ཀྱི་སྲས། ངག་དབང་ཀུན་དགའ་བཀྲ་ཤིས་འཁྲུངས་ནས་ལོ། ང་དྲུག་ལྕགས་ཡོས་བར་བཞུགས་དམ་པ་དེས། འཇམ་མགོན་ཨ་མེས་ཞབས་དང་ཡབ་རྗེ་མཆོག། ངག་དབང་རྣམ་རྒྱལ་བསྟན་པ་རབ་རྒྱས་དང། ལྷུན་གྲུབ་དཔལ་ལྡན་བཟང་པོ་རྒྱལ་མཚན་དང།