[A:༢༠]སངས་རྒྱས་ཕུན་ཚོགས་སྨིན་གྲོལ་གླིང་ལོ་ཆེན།
ཛ་ལུང་བཅོ་བརྒྱད་ཆེན་མོ་ལ་སོགས་ལས།
ཟབ་རྒྱས་གསན་པ་རྒྱ་མཚོའི་མཐར་སོན་ཅིང།
རིགས་སྲས་ལ་སོགས་སློབ་གྲངས་ཉི་ཟེར་རྡུལ།
དེའི་གཅུང་གཞོན་ནུའི་དུས་སུ་གཤེགས་སྐད་དང།
བཙུན་མོ་དང་པོ་སྔོན་དུས་རླབས་བཟའ་མ།
ནེ་ཆུང་ལ་སོགས་གཉེན་དང་དུས་ཕྱིས་ནི།
སི་ཏུ་བྱང་རྒྱལ་ལ་སོགས་བསྟན་དགྲའི་བརྒྱུད།
སྣེ་གདོང་བཀྲ་ཤིས་དབང་མོར་སྲས་མི་མངའ།
ཕྱི་མ་སྐུ་ཞང་རྔ་སྒྲའི་སྲས་མོ་ནི།
མཁའ་འགྲོ་འབུམ་ནས་ས་སྐྱའི་སྐུ་ཞང་རང།
བཞི་ཙམ་མཛད་བརྒྱུད་འཕན་ཡུལ་བཅོ་བརྒྱད་པའི།
སྲས་མོ་བསྟན་འཛིན་བསོད་ནམས་བཟང་མོ་ཞེས།
དཔལ་ལྡན་ས་སྐྱའི་གདུང་ཡུམ་བསམ་བཞིན་དུ།
སྐྱེ་བ་བཞེས་དེར་ཐོག་མར་གདུང་གཉིས་བལྟམས།
སྙིགས་མའི་རང་མདངས་ཆུང་ངུའི་དུས་སུ་གཤེགས།
དེ་ནས་བདག་གི་བླ་མ་རྗེ་བཙུན་དྲུང།
ཡབ་རྗེ་ལྔ་བཅུ་ཤིང་བྱར་ལྔ་བདོའི་མགོན།
དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང།
ངག་དབང་ཀུན་དགའ་བསོད་ནམས་རིན་ཆེན་དང།
བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།
མཚན་དོན་མཐུན་བལྟམས་སོ་བདུན་ལྕགས་བྱའི་བར།
ངོ་མཚར་རྣམ་ཐར་མངའ་དེས་ཡབ་རྗེ་དང།
བསྟན་འཛིན་ཕུན་ཚོགས་ལྷ་བཙུན་ཀུན་བཟང་པ།
བཅོ་བརྒྱད་མཁྱེན་བརྩེ་