[A:༢༠༣]གཟུར་གནས་ཀུན་གྱིས་མཁྱེན་ནུས་པས། དེས་ན་རྩེ་གདོང་པར་དཔུང་འཇུག་མཛད་པའི་རྒྱལ་ཁག་འདིས་ནི་རང་སྡེ་ལའང་ཐུགས་བསྐྱེད་སྨོན་ལམ་ཇི་འདྲ་མཛད་རྟོགས་ནུས་སོ། །
གང་ལྟར་བདག་ཆེན་ཡབ་སྲས་གཉིས་ནས་གོང་ས་རྡོ་རྗེ་འཆང་ཚངས་དབྱངས་རྒྱ་མཚོར་ཞུ་གནང་གི་འགྱངས་མིན་གཙང་དུ་རྒྱལ་བ་རིན་པོ་ཆེ་ཆིབས་བསྒྱུར་དུས་དམ་ཉམས་རྣམས་འཛིན་བཟུང་གི་རྩེ་གདོང་དང་ཤངས་རྣམ་གླིང་སོགས་སུ་ཁྲི་མུན་དུ་བཅུག་ཐོག་མཚུངས་མེད་ཚེའི་དུས་བྱས། རྒྱན་དྲུང་ངག་དབང་ནོན་བུར་གོང་ས་རིན་པོ་ཆེའི་ཐུགས་རྩིས་ཀྱི་ཕོ་བྲང་ཆེན་པོ་པོ་ཏ་ལར་ཕེབས་གནང་བ་བཞིན། འཕྲལ་ཕེབས་སྐབས་ཡབ་རྗེ་ཟུར་བཞུགས་མཛད་མུ་དང་། བླ་བྲང་དུ་བདག་མོ་བྱ་སྒོ་བ་ཚེ་རིང་བུ་ཁྲིད། ཕྱག་མཛོད་ཀུན་དོན། ཕྱག་མཛོད་མ་ནཱ་བཅས་ལ་བླ་བྲང་སྣང་སྲིད་དང་པོ་ཏ་ལ་རྣམས་ལ་ཉམས་གསོའི་བཀའ་ཁྱབ་དང་ཡུལ་ལྷའི་རྟེན་མཁར་ཟབ་བཟོར་རབ་གནས་སྐབས་མ་འོང་ལུང་སྟོན་ལྟ་བུར་བཎ་ཞཱ་སེར་པོ་བཞེས་ཏེ་མཛད་ནས་ཆིབས་ཁ་བསྒྱུར།
གོང་གི་ཟུག་པ་རྣམས་མཐར་ཕྱིན་ཉེར་རྩེ་གདོང་དུ་བང་ཕྱིན་ཆེད་རྫོང་གི་སོག་དམག་ཐོན་ཚུལ་དང་འོན་སེང་སྐོར་ཞིབ་མཐུས་མཛད་ཀྱང་། ལས་དབང་བཟློག་མེད་ལྟ་བུའི་དམག་བ་སོ་ཐང་དུ་འབྱོར་ཕྲལ་པཎ་ཆེན་ཐམས་ཅད་མཁྱེན་གཟིགས་ཆེན་པོ་བློ་བཟང་