[A:༢༠༢]པོ་ཆེ་གཅེས་པར་སྐྱོང་བའི་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་བཀའ་ཁྲིམས་ལ་རྐང་འོག་གི་རྡུལ་ཙམ་དུའང་མི་བརྩི་བར་རྩེ་གདོང་ན་སྐུ་གསུམ་དང་དཀོན་མཆོག་གསུམ་གྱི་རྟེན་ཇི་སྙེད་བཞུགས་པ་རྣམས་དང་། སྲོག་ཆགས་ཉེས་མེད་དགེ་བའི་ངང་ཚུལ་ཅན་རྣམས་སྐད་ཅིག་ཉིད་ལ་ཐལ་བའི་རྡུལ་དུ་རློག་པ་ལ་ཆེས་ཤིན་ཏུ་དཔའ་བའི་དཔུང་འཇུག་མཛད་ཚུལ་འོག་ནས་འབྱུང་བ་འདི་རྣམས་ལ་དཔགས་ན། རྒྱས་སྲས་བསྟན་འཛིན་དབང་རྒྱལ་བཙུན་མོ་ཆོས་སྐྱིད་བཅས་སྐུ་གེགས་ཆེན་པོས་བཅིངས་པའམ། ཡང་ན་ཞིང་བཅུ་ཚང་བའི་བསྟན་པའི་དགྲ་བོ་དེ་བདག་ཅག་ཁོ་ནའོ་ཞེས་ཞལ་གྱི་བཞེས་པར་ངེས་ཏེ། རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་གསུངས་པའི་ལས་སྦྱོར་དེ་བཞིན་ཞིང་བཅུ་ཚང་བའི་སྐྱེ་བོ་རྣམས་ཐར་པའི་ལམ་དུ་འགོད་པའི་ཆེད་དུ་གསུང་གི དེ་ལས་གཞན་དུ་ན་བྱེད་པ་པོ་རང་གི་སྲོག་གི་གཤེད་མར་འགྱུར་བའི་ཕྱིར་གནས་སྐབས་འདིར་ནི་རྩེ་གདོང་ཙམ་དུའང་མ་ཟད་གཞན་གྱི་གཏོར་མ་འཕངས་པའམ། སྦྱིན་སྲེག་དང་མནན་པ་སོགས་བསྟན་འགྲོར་གནོད་པའི་དགྲ་བགེགས་གདུག་པ་ཅན་རྣམས་འདུལ་ཐབས་བྱས་དེ་ཡང་རྒྱལ་སྲས་བསྟན་འཛིན་དབང་རྒྱལ་དང་བཙུན་མོ་ཆོས་སྐྱིད་ལ་བྱས་སོ་ཞེས་མཁར་བ་དང་སློང་ཕོར་འཛིན་པའི་སྐྱེ་བོ་རྐུ་རྒྱག་དོན་གཉེར་རྣམས་ཀྱིས་ཞུས་ན། དེ་ལའང་དཔུང་འཇུག་མཛད་པ་ཐེ་ཚོམ་མེད་པ་ནི་