R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༠༤
[A:༢༠༤]ཡེ་ཤེས་ཀྱི་དགོངས་ཟབ་རིན་པོ་ཆེའི་མ་བཟོད་པར་དཔུང་འཇུག་མི་བྱེད་པའི་བཀའ་ཁྱབ་མཐར་ཕྱིན་བཀའ་དྲིན་ཆེ་ཡང་རྩི་མེད་ཀྱི་མཚན་འཇུག་བྱེད་རྩིས་བྱས་རུང་རྒྱུ་འབྲས་བསླུ་མེད་ཀྱི་བདེན་པས་རྩེ་གདོང་མདོར་མུན་འཁོར་ཏེ་མཚན་འགེབས་མ་ཐུབ་པས་ཡབ་རྗེ་བསོད་ནམས་དབང་རྒྱལ་ཉིད་སྐུ་ཆས་འགའ་ཞིག་དང་བཅས་མཚན་འགྲིབས་ཀྱི་བཀྲ་ཤིས་ལྷུན་པོའི་བ་སོ་སྤྱི་ཁང་དུ་ཕེབས། བདག་མོས་རྟ་མགྲིན་བྲག་ཁུང་དུ་ཞག་གཅིག་བཞུགས། དེ་ནས་གསང་སྟབས་ཀྱིས་ཡབ་གཞིས་སུ་འབྱོར། ཕྱག་མཛོད་ཀུན་དོན་གྱིས་འཁུར་བླང་སྟེ་བསྡད་པས་ཤིང་བྱ་དབྱུག་ཟླའི་ཚེས་བཅུ་དགུའི་ཐོ་རེངས་དམག་དཔོན་ཐཱ་ཇའི་དཔུང་གིས་བླ་བྲང་། ཇ་གོ་ཅན་གྱིས་འཕེལ་རྒྱས། ཨེ་ཀེ་དབོན་པོའི་དཔུང་རྣམས་ཀྱིས་ཆོས་སྡེ་རྩིས་བླང་། ཕྱག་མཛོད་ཀུན་དོན་གྱིསགྱི་མགོ་བཏགས སྟས་ཏེ་དག་སྦྱངས་ཀྱི་རྩེ་གདོང་རང་འཇགས་ཡོང་བར་བྱས་ཀྱང་དེ་སྐབས་རང་སྲོག་སྐྱོབ་ཐུབ་ཙམ་ལས་གཞན་ཕན་མ་ཐོགས། སོག་དམག་དང་ཉེ་འཁོར་ཡུལ་གྲུས་བོད་དམག་རྩེ་གདོང་རང་གི་གཡོག་ངན་བདུད་ཀྱི་རླམས་པ་རྣམས་ཀྱིས་གདན་ས་ཕྱི་ནང་ཚང་མ་ཉམས་ཆགས་སུ་བཏང་ཞིང་། ཕྱག་མཛོད་ཀུན་དོན་བསད། ཆོས་སྡེ་གཏོར། ཞག་བདུན་ནས་དམག་ལོག་ཅིང་། བ་སོ་སྤྱི་ཁང་དུ་བདག་ཆེན་ལ་ཐུགས་སུན་ཞུས་ཚེ་དེར་བཞུགས་དགེ་