R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༠༥
[A:༢༠༥]འདུན་རྣམས་ཀྱིས་ཁྲ་བཟུང་ཡང་དག་མཛད་པས་སྐུ་སྲོག་ལ་སྐྱོན་མ་བྱུང་། དེས་ན་བཀྲ་ཤིས་ལྷུན་པོའི་བ་སོ་སྤྱི་ཁང་འདི་ཤིན་ཏུ་དྲིན་ཆེ། སྐུ་ཆས་རྣམས་འཐོར་ཟེགས་སུ་གྱུར་པ་ལས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་དྲེའུའི་རྒྱབ་གཅིག་དང་། སིལ་སྙན་འཛམ་གླིང་ཀུན་གྲགས། ཆོས་ཀྱི་རྒྱལ་པོ་བློ་ཆེན་འཕགས་པ་རིན་པོ་ཆེའི་བཞུགས་ཁྲི་ཡེ་བྷའུ། སྐྱ་བོ་པའི་ཕྱག་མཚན་ཚང་མ་ཡུ་བ་རྣམས་ཤེལ་ལས་གྲུབ་པ། རྒྱ་ནག་གསེར་ཐམ་རིན་པོ་ཆེ། འཕགས་པ་རིན་པོ་ཆེའི་དབུ་ཞཱ་ཉི་ལྡེ་མར་གྲགས་པ་མཁའ་འགྲོ་མ་བྱེ་བའི་དབུ་སྐྲ་ལས་གྲུབ་པར་གྲགས་པ་དང་། ཕྱག་དྲིལ་བཅས་རྒྱལ་མཚན་ཐོན་པོར་ཕུལ་སྐད་འདུག་པས་སྲང་དབར་གྱི་ས་རྡོའི་གྲས་ལ་བཞུགས་མ་དགོས་པ་འདི་ཡང་རྒྱུ་འབྲས་ཀྱི་གདེན་པར་གོ ། དེ་ལྟར་དམག་མི་རྣམས་ཀྱིས་མཚམས་མེད་ཀྱི་ལས་ཚད་མེད་བསགས་པས་དཔོན་མོ་ཆོས་སྐྱིད་བཟང་ངན་གང་ཡིན་རྟོགས་ནུས་ཤིང་། རྩེ་གདོང་པའི་དམ་ཉམས་རྣམས་ཀྱི་ཟེར་དབང་ལ་ཉན་པས་བྱང་བརྒྱུད་རྒྱལ་པོར་སུ་ལས་སུ་སྣོད་མཁས་རྨོངས་ཀུན་གྱི་དགོངས་འགྲོ་ཞིང་། ཚེ་རབས་ཀུན་གྱི་བདེ་སྐྱིད་འགྲུབ་འདུག་པས་ཐུགས་སྤྲོ་བར་མཛོད་ཅིག དཔོན་མོའི་ཏུགས་བསྐྱེད་ཀྱི་ཐམས་ཅད་ལ་མི་འདོད་པ་ཇི་ལྟར་བྱུང་ཚུལ་ནི། དམག་གྲས་