[A:༢༠༧]འདུལ་མགོན་ཁང་ངམ་གསང་བའི་མགོན་ཁང་གི་འགག་ནས་ཚོགས་ཁང་གི་གསང་གཡབ་ལ་ལྷུང་སྐབས་མཐོང་སྣང་དུ་མི་ནག་ཤིན་ཏུ་ཆེ་བ་ཞིག་གིས་སྐྱུར་ཚུལ། ལྷ་ལུང་ལས་དམ་ཅན་པུ་ཏྲའི་འཚུབས་ཡིན་པ་དང་། གཞན་ཡང་སོག་པའི་རིགས་རྣམས་ཐོག་ཁ་ནས་ལྷུངས་ཤིང་ལས་མགོན་པུ་ཏྲ་མིང་སྲིང་རྣམས་ཁོག་ཞུགས་ཀྱི་སྨྱོ་འབོག་སེམས་འཁྲུགས་ལྟས་ངན་སྣ་ཚོགས་བྱུང་འདུག་པ་དང་། སོག་པོ་རྒོད་མ་ཟེར་བ་ཞིག་གིས་གཙང་བདག་མོའི་ནང་རྟེན་དངུལ་གདུང་རིན་པོ་ཆེའི་ཕྲ་རྒྱན་འགའ་ཞིག་འཁྱེར་བ། ལམ་བར་དུ་སྨྱོ་ཞིང་ངག་ནས་ཅལ་ཅོལ་སྣ་ཚོགས་དང་། རྩེ་གདོང་པའི་ལུག་ནག་དེས་བརྡུང་གི་འདུག་པས་དེ་ཕྱིར་འཐོན་ཟེར་བ་སོགས་ཆོས་སྐྱོང་རྣམས་ཀྱི་འཚུབས་འགྱུར་ཆེ་བ་དང་། དཔོན་མོ་ནས་རྩེ་གདོང་བཙན་འཕྲོག་བྱས་རྗེས་མི་ཤིས་པའི་སྟས་ངན་སྣ་ཚོགས་བྱུང་བར་བརྟེན། བཤགས་པར་ད་ལྟ་དགའ་ལྡན་ལྷ་ཁང་ན་བཞུགས་པའི་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེ་ཚར་གཅིག་དང་། གསེར་ཟངས་ལས་གྲུབ་པའི་བྱམས་མགོན་གྱི་སྐུ་བརྙན། བླ་བྲང་མགོན་ཁང་ན་བཞུགས་པའི་གུར་མགོན་གྱི་འཇིམ་སྐུ་ཆུང་ངུ་བཅས་བཞེངས།
འགྱངས་མིན་འཇུན་དཀར་དཔུང་གིས་རྒྱལ་པོ་ལྷ་བཟང་དཀྲོངས་ཏེ། དཔོན་མོ་ཆོས་སྐྱིད་རང་ཡང་བར་ཁྲིད་དོ། །