R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡
[A:༢༡]རབ་བརྟན་སྟག་རྩེ་བ། བྱམས་པ་ལྷ་དབང་རིག་རིགས་་འཛིན་མཆོད་དཔོན་པ། དཀོན་མཆོག་རྒྱལ་པོ་སྒྲོ་ལུང་མང་ཐོས་དང། བསོད་ནམས་ཆོས་འཕེལ་ཞེས་གྲགས་གོང་དཀར་བ། བློ་གྲོས་དབང་ཕྱུག་ངོར་ཆེན་བསོད་ནམས་བཟང། ཐར་རྩེ་རྡོ་རྗེ་འཆང་དང་ཐུབ་བསྟན་པ། བྱམས་པ་ཚུལ་ཁྲིམས་བཟང་པོ་གདན་ས་ཆེའི། མཁན་ཆེན་དབང་ཕྱུག་ཕུན་ཚོགས་ཛ་ལུང་པ། ཕྲིན་ལས་རྡོ་རྗེ་གསང་སྔགས་བསྟན་འཕེལ་སོགས། དམ་པ་ཉེར་བསྟེན་ཟབ་དོན་བང་མཛོད་འཛིན། ཐར་རྩེ་རྗེ་དང་གནས་གསར་རྡོ་རྗེ་འཆང། བྲག་རྩ་རྗེ་སོགས་བསྟན་འཛིན་གྲངས་མེད་བསྐྲུན། མགོན་དེའི་བཙུན་མོ་སྔ་མ་བཞད་ཆོས་མའི། སྲས་གཉིས་ཆུང་ངུར་གཤེགས་ཤིང་ཕྱི་མ་ནི། ནམ་ཡང་བཀའ་དྲིན་འཁོར་མེད་འགྲོ་མགོན་མ། བསོད་ནམས་དཔལ་གྱི་དབང་མོར་བདག་ཅག་གི། ཨ་ལྕེ་གཉིས་དང་དཀོར་ཟན་རང་ཉིད་དང། ནུ་བོ་སྲིང་མོ་ནུ་བོ་སྲིང་མོར་བཅས། བདུན་ལས་དྲུག་པའི་ལྕམ་ནི་ལྕགས་ཟམ་པ། སྒར་པའི་སྲས་མོ་བཀྲ་ཤིས་དབྱངས་ཅན་ལས། འཆི་མེད་བསྟན་པའི་ཉི་མ་འདི་ཉིད་དོ། ། གསུམ་པ་དཀོར་ཟན་ཀུན་བློ་ང་རྒྱལ་ཅན། ཡབ་རྗེ་ཉེར་ལྔ་ས་བྱར་སྐྱེས་ནས་ནི། མཁས་གྲུབ་གདན་སའི་མིང་འཛིན་རང་ལོ་ནི། བཅུ་གསུམ་ནས་བཟུང་ད་ལྟ་ང་གསུམ་པ།