[A:༢༡༡]མ་དང་། ལྷག་པར་སྡེ་དགེ་སོགས་ལ་གྲགས་སྙན་བསྒྲགས་པ་དེ་བཞིན་གྱི་དབུས་གཙང་ཁྱབ་པར་བརྟེན། མཆོག་སྤྲུལ་རིན་པོ་ཆེ་སྡེ་དགེར་བཞུགས་ཐོག་ལྷ་བཟང་ཁང་ནས་ངོས་འཛིན་དམག་འཇུག་ཟུང་འབྲེལ་བཏང་བར། རྒྱལ་པོ་ཨམ་ཟླུམ་ཉིད་ནས་རྒྱལ་བའི་ཡང་སྲིད་རིན་པོ་ཆེར་ལྷ་བཟང་ཁང་ནས་ངོས་འཛིན་དམག་འཇུག་ཡོད་འདུག་པས་མཚོ་ཁར་གདན་འདྲེན་ཞུས་ཚེ་ཇི་བཞིན་གེགས་མེད་དུ་ཞུ་ནུས་ཡིན་ཞབས་དྲུང་ཉིད་ལ་ཞུས་པས། ལན་དུ། འགྱུར་མེད་བློ་ཡི་བདག་པོ་གསེར་གྱི་ཁྲི་ལ་བཞུགས་ནས། །ལས་སུ་བྱ་བ་ཐམས་ཅད་རིག་པའི་བློན་པོས་བྱས་ཡོང་། །ས་གཅིག་ས་ལ་འཁོར་བའི་རླུང་གི་གཤོག་པ་མིན་ཏེ། །ཕོ་ཤེས་རིག་པའི་གཤོག་པས་ག་ནས་བསྐོར་བསྐོར་ཡིན་འདུག །དབྱར་ཆུ་རྒྱས་པའི་དཀྱིལ་ནས་ཉ་ལྟར་མཆོངས་ནས་ཡོང་ཡོད། །དགུན་ཆུ་རྒྱས་ཀྱང་རྒྱས་ཤོག་གསེར་གྱི་ཟམ་པ་བཙུགས་ཆོག །རིན་ཆེན་གླིང་ཡང་མཇལ་མྱོང་རྒྱ་མཚོའི་རྒྱུས་ཡང་ཡོད་ལ། །ཆུ་སྲིན་གདུག་པའི་ལུས་པོ་དུང་དཀར་ངར་མས་ཕུག་སོང་། །འདོད་འཇོ་བ་ཡི་འོ་མས་དུང་དཀར་གསོ་མཁན་ཡོད་ན། །ནོར་བུ་ལེན་པའི་ཁས་ལེན་ང་རས་བྱས་པའི་མཆོག་ལགས། །ཞེས་འགུར་དུ་གསུངས་ཤེང་། ཕན་ཚུན་ཁམས་སོག་རྒྱལ་ཁག་རྣམས་ལ་འདི་སྐོར་ལྷིངས་ཆ་དགོས་པའི་བཀའ་འདོམས་མཛད་དེ། རྒྱལ་བ་