[A:༢༡༢]རིན་པོ་ཆེ་སྡེ་དགེ་ནས་མཚོ་མཁར་སྤྱན་དྲངས་སོ། །
རྩེད་གདོང་ཚང་མ་དཔོན་མོ་ཆོས་སྐྱིད་ནས་བདག་པའི་དགོན་པ་དགེ་ལུགས་སུ་བསྒྱུར། ཆོས་གཞིས་ཐོག་ནས་སྔགས་ཆོད་གང་ཡིན་བསྟན་འཛིན་དབང་གི་དགེ་འཐེབས་སུ་ཕུལ་བ་དང་། གཞན་ཡང་ཤངས་ཁོང་ལམ་ཚར་བཅས་བླ་བྲང་གཞུང་ཆོད་དང་། རྩེད་དང་རྩེ་གདོང་བདེ་གླེང་པ། ཕུ་ནུབ་དུད་ཆུང་གཅིག་བཅས་གྲུ་ཚང་ལ་ཆོད། འཕན་ཡུལ་ནཱ་ལེནྡྲ་དང་བདེ་བ་ཅན་བཅས་ཕྱི་འཁྱར་དུ་སོང་ཞིང་། ཕོགས་ཇ་ཚུགས་སོགས་དགེ་དགོན་དཔེ་འདྲའི་མུར། དཔོན་མོ་ཆོས་སྐྱིད་དང་རྡོར་རྒྱན་གཉིས་ཀྱིས་ལོ་བཅོ་ལྔ་ཙམ་འཛིན་བདག་བྱས་སྐབས་རྡོར་རྒྱན་གྱི་དགེ་རྒན་དགེ་སློང་ཞིག་ཡོད་འདུག་པ་དེས་ལྷུན་རྩེ་རྟེན་གྲས་ནས་འགངས་ཆེ་བ་རྣམས་དབྱེ་བའི་དྲེའུའི་རྒྱབ་གསུམ་ཙམ་ཁྱེར་སྐད་དང་།
གཞན་ཡང་མེ་བྱ་འཇུན་དཀར་ཐོན་སྐབས་རྩེ་གདོང་པ་རྣམས་ནས་ལྷུན་རྩེ་དངུལ་སྐུ་ཆེན་མོར་གྲགས་པ་སློབ་དཔོན་པདྨའི་སྐུ་བརྙན་དེ་བཤིག་ཅིང་། དེ་ཚབ་ཙེ་དཔག་མེད་ཀྱི་སྐུ་ད་ལྟ་རྟེན་གྲས་སུ་བཞུགས་པ་དང་། གུ་རུ་མཚན་བརྒྱད་ཀྱི་སྐུ་བརྙན་གྲས་ནས་ཤཱཀྱ་སེང་གེ་མ་གཏོགས་གཞན་ཚང་མ་སྤང་ཕུ་མཚོར་བསྐྱུར་ཞིང། ཤཱཀྱ་སེང་གེའི་སྐུ་ད་ལྟ་ལྷུན་རྩེར་བཞུགས། གཞན་ཡང་