[A:༢༡༣]སྐུ་གསུང་ཐུགས་རྟེན་ཕོན་ཆེ་བ་གོང་གི་མཚོར་སྐྱུར་འདུག་པ་སོགས་གྱར་ཚབ་ཤིན་ཏུ་ཆེ་བ་དང་། དེ་རྗེས་འཇུན་དཀར་གྱི་དཔུང་ཕྱིར་ལོག་པའི་ཞོར་དུ་ཆོས་སྐྱིད་ལྟོས་བཅས་རྣམས་ཀྱང་ཁྲིད། ཞབས་དྲུང་ཉིད་ནས་རྒྱ་མཚོ་སྡེ་གཞི་མཇལ་བར་ཕེབས། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་འབུམ་རྒྱ་ཕིབས་སོགས་ཚང་མའི་ཉམས་གསོ་ཞབས་ཏོག་གནང་བར། སྐུ་འབུམ་དགེ་འདུན་མང་པོས་ཞབས་དྲུང་ཉིད་རྗེ་རིན་པོ་ཆེར་མངོན་སུམ་དུ་མཐོང་བ་དང་། རྗེ་རང་གི་སྤྲུལ་པ་ཞིག་གིས་ཉམས་གསོ་བྱེད་པའི་ལུང་བསྟན་ཡོད་གསུང་བ་སོགས་དང་། དེ་སྐབས་ཐུགས་དམ་བསྐང་གསོའི་གཏོར་མ་དཔལ་མགོན་ཞལ་ཉིད་བྲམ་ཟེའི་རྣམ་པས་དངོས་སུ་ལེན་པ་དང་། ལྷ་སྲིན་སྡེ་བརྒྱད་རྣམས་ཀྱང་ཉིད་ཀྱི་བཀའ་ལས་ཅུང་ཟད་ཀྱང་མེ་འདའ་བ་སོགས་གྲུབ་པའི་མཚན་མ་མང་དུ་བརྙེས་པ་དང་། གཞན་ཡང་བྱམས་པའི་སྐུ་བརྙན་ཆེན་པོ་ཞིག་གི་རྒྱབ་ཡོལ་དྲེག་པ་ཅན་འཁྲུད་པར་མཛད་པས་རྒྱབ་ཡོལ་འོད་ཤིན་ཏུ་ཆེ་བ་དང་བཅས་མཚོ་ནང་དུ་ཤོར་བར། དེར་ཡོད་ཚང་མས་ཐབས་གང་གིའང་ བྱས་ཀྱང་འདོན་མ་ནུས་པར། ཞབས་དྲུང་ཉིད་ཀྱིས་ཀླུ་ལ་བཀའ་ཤོག་ཤོ་ལོ་ཀ་གཅིག་མཛད་དེ་རྡོ་དང་ལྷན་ཅིག་མཚོར་བསྐྱུར་བས་རྒྱབ་ཡོལ་དེ་ཕྲལ་འཐོན་པ་སོགས་གྲུབ་པའི་མཚན་མ་ཀུན་གྱི་མངོན་དུ་གྱུར། སྐུ་འབུམ་ཉམས་གསོར་གསེར་