R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡༤
[A:༢༡༤]བཏུལ་མ་སྲང་དགུ་བརྒྱ་བདུན་ཅུ་དོན་གཉིས་ཞོ་ལྔ་སོང་། ཚེ་དཔག་མེད། འཇམ་དབྱངས། ས་པཎ། སྒྲོལ་དཀར། རྗེ་རིན་པོ་ཆེ། བདེ་གཤེགས་མཆོད་རྟེན་བརྒྱད་སོགས་ཀྱི་པར་གསར་བཞེངས་འདེབས་གནང་ལ་གསེར་གསོལ་དང་གཟུངས་འབུལ་རབ་གནས་སོགས་ཚང་མ་ཕྱག་ལེན་རྒྱས་པར་མཛད་དེ་སྐུ་འབུམ་གྲྭ་ཚང་རྣམས་ལ་ཕྱག་མཆོད་འབུལ་བའི་རྟེན་དུ་གནང་བ་སོགས་བསྟན་པའི་ཉམས་གསོ་མཐར་ཕྱིན་ཐོག རྒྱལ་པོ་ཨམ་ཟླུམ་ནས་ཀྱང་རྒྱལ་གསུང་བཀའ་འགྱུར་རིན་པོ་ཆེའི་མཚོན་ལེགས་འབུལ་རྒྱ་ཆེར་མཛད་པ་དང་། ཞབས་དྲུང་ཉིད་ཀྱི་རབ་བྱུང་ཀྱང་ཚ་ཁང་ནོ་མོ་ཁང་ལ་བཞེས་ཤིང་མཚན་གསོལ་དུས་ངག་དབང་བློ་བཟང་དོན་ཡོད་རྒྱ་མཚོར་གནང་། བསྙེན་རྫོགས་དེ་སྐབས་ཆུ་བཟང་རིན་པོ་ཆེ་ལས་བཞེས་ཤིང་གོང་གི་བཀའ་འགྱུར་ཀྱང་ཕུལ། དེ་ནས་གོང་མ་བདག་པོ་ཆེན་པའི་དབུ་བླ་ཁལ་ཁ་རྗེ་བཙུན་དམ་པས་གོང་མ་ཆེན་པོར་རྗེ་བཙུན་ས་སྐྱ་པའི་གདུང་བརྒྱུད་ཕྱོགས་མཐར་འཁྱར་བ་དེ་ལམ་དུ་ལུས་ཚེ་བོད་ཁམས་ཚང་མའི་བདེ་སྐྱིད་ལ་ཤིན་ཏུ་གནོད་ཚབས་ཆེ་བས་གདན་ས་འཛིན་པར་ཕེབས་དགོས་གསུང་པ་བཞིན། གོང་མའི་ལུང་གི་གོང་ས་རིན་པོ་ཆེ་བོད་ལ་ཆིབས་བསྒྱུར་དང་ཆབས་ཅིག་འབྱོན་པར་གསུངས་ཡང་བཀའ་འགྱངས་ཞུ་བར་མཛད་དེ། སླར་ཟླ་གསུམ་ཙམ་ནས་ཡར་