R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡༥
[A:༢༡༥]ཕེབས་ཀྱང་ཇག་པས་སྐུ་ཆས་རྣམས་ཁྱེར། ལྕགས་ཁྱི་རྒྱལ་ཟླའི་ཉིར་ལྔ་ལ་ལྷ་སར་ཕེབས་ནས་ལྷ་ས་དཔལ་གྲོང་ཤག་ཏུ་བཞུགས་ཐོག་ཡབ་རྗེ་རྡོ་རྗེ་འཆང་དབུས་ཕེབས་དང་འགྲིག་ཀྱང་ལྷ་སར་མཇལ་འཛོམས་མ་བྱུང་ཞིང་། གོང་དཀར་ཆོས་སྡེར་ཕེབས་ཐོག་བང་མི་ཆེད་རྫོང་གི་ཞུ་ཤོག་དང་ཆབས་ཅིག་གཞུང་ས་མཆོག་ནས་གསོལ་ཆས་ཞུ་རྒྱུའི་བཀའ་འཛིན་མང་པོ་དང་བཅས་གནང་བར་ཞབས་དྲུང་ཉིད་ནས་རྩེ་གདོང་ཕྱི་ནང་བར་གསུམ་གྱི་འཛིན་ཁྲེས་ཚང་མ་གདན་ས་གོང་ནས་རྩིས་བཞེས་འཕྲལ་ལ་གནང་དགོས་པ་ཡོད་དོ་གསུངས་ཤིང་། ཞབས་ཕྱི་རྣམས་ལ་གསུང་སྒྲོས་སུ་ང་བན་རྒན་ལ་ཕ་གཞིས་ཀྱི་དགོས་པ་མེད་པས་གདན་ས་གོང་རང་དུ་འབུལ་འབྱོར་ཐུབ་པ་ཞིག་ཅིས་ཀྱང་བྱ་རྒྱུ་ཡིན་གསུངས་པ་ལྟར། རྩིས་སྤྲོད་སྐུ་ཚབ་དོན་གྲུབ་ལྦང་། མཚོ་ཁའི་རྒྱལ་པོ་བློ་བཟང་བསྟན་འཛིན། གོང་མའི་སྐུ་ཚབ་བཅས་ནས་ཞབས་དྲུང་ཉིད་ལ་རྩིས་བཞེས་ལ་ཕེབས་དགོས་ཞུ་མུར། ས་སྐྱ་ནས་ཟོམ་ལུས་སྐབས་ཞབས་དྲུང་གློ་བུར་དུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལྕགས་གླང་དབོ་ཟླ་ཉིས་བརྩེགས་ཀྱི་ཕྱི་མའི་ཚེས་བདུན་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་ཞིང་། སྤུར་ཞུ་སོགས་གཞུང་ས་མཆོག་ནས་ཐུགས་ཁུར་ཆེ་བཞེས་ཀྱི་རྒྱུད་གྲྭ་རིན་པོ་ཆེ་ནས་སེར་ཕྲེང་དང་བཅས་རལ་མཁར་སྤུར་མཆོད་མཛད་ཅིང་། གཞུང་ས་མཆོག་ནས་