[A:༢༡༦]དབུས་གཙང་དགོན་ཁག་ཚང་མར་མང་ཇ་འགྱེད་སོགས་རྒྱ་ཆེ་བ་དང་སྤུར་ཐལ་ཚང་མ་ས་སྐྱར་འབྱོར་བར་རྡོ་རྗེ་འཆང་གི་སྐུ་བཞེངས་ཏེ་ད་ལྟ་འཇག་ཁང་ན་བཞུགས།
རྩེ་གདོང་བདག་ཆེན་ན་རིམ་གྱི་ཕྱག་དམ་འགྲོ་མགོན་ཕྱག་ནར་སེ་ཆེན་རྒྱལ་པོས་ཕུལ་བའི་དངུལ་དམ་དེ་གཟིམ་དཔོན་རྡོར་དོན་གྱིས་བཀའ་ཤག་ནས་ཕྱག་དམ་ཞུས་ཏེ་ས་སྐྱར་བསྐུར། དཱ་ཆིངས་བ་དུར་གྱི་དཔོན་མཛད་སྐབས་རྩེ་གདོང་འདི་ཡིན་མེད་པར་གཞུང་སོག་གི་ལོ་ཕྱེད་གསུམ། གཞུང་འཛིན་ལོ་བཞི་ལྷག་ཙམ། འགག་པ་སྟོབས་ལྡན་གྱི་ལོ་དྲུག མགྲོོན་གཉེར་རྫ་ཉག་གི་ལོ་གཉིས་ཙམ་ཟིན་ནོ། །
ཞབས་དྲུང་གཤེགས་ནས་གང་ཡིན་མེད་པར་ལུས་སྐབས་གཟིམ་དཔོན་རྡོར་དོན་གྱིས་སྤྲུལ་སྐུ་མ་ཕེབས་བར་ས་སྐྱ་ནས་ཞལ་འཛིན་དང་། དེ་ནས་སྤྲུལ་སྐུའི་ས་སྐྱར་ཐུགས་གཉེར་གྲུབ་བསྟུན་སྤྲུལ་སྐུར་འཇགས་པ་ཞིག་རྒྱལ་ཡབ་ལ་མགོ་འདྲེན་ཞུས་ཏེ་དེ་ཕྲལ་གོང་མ་བདག་པོ་ཆེན་པོར་ཞུ་ཤོག་ཕུལ་ཡང་གནས་སྐབས་འགའ་ཞིག་གི་མ་འགྲིག དེ་ནས་ཆུ་སྟག་ཞབས་དྲུང་གི་སྤྲུལ་སྐུ་འཕན་ཡུལ་དུ་འཁྲུལ་མེད་ཕེབས་པས་སྐུ་ཞང་ཚེ་སྒྲུབ་བླ་མས་རྒྱལ་བ་རིན་པོ་ཆེར་རྒྱུ་མཚན་ཞུས་པའི་རྩེ་གདོང་ཕྱག་འབྱོར་ཡོང་ཁར་རྩེ་གདོང་མཁན་པོ་བློ་བཟང་སྟོབས་ལྡན་གྱི་རྒྱབ་ང་ཕོད་བློ་བཟང་