R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༡༧
[A:༢༡༧]སོགས་ཀྱིས་བྱས་ཏེ་སྐུ་ཞང་སོག་པོའི་བླ་མར་བརྫངས་པས་ཕྱག་འབྱོར་མ་བྱུང་། དེ་དང་དུས་མཚུངས་རྩེ་གདོང་ལྷ་མི་ཚང་མས་ཀྱང་མཁན་པོར་སྤྲུལ་སྐུ་གདན་འདྲེན་གྱི་མགོ་འདོན་ཞུས་པས་མཁན་པོའི་ཐུགས་ལ་མ་སོང་བར་སྡེ་མཁན་ཁ་མཆུར་ཐུག རྒྱལ་ཡབ་ཀྱིས་བཅད་མཚམས་མཛད། རེ་ཞིག་མཁན་གྲས་བཟུང་སླར་སྤྲུལ་སྐུར་འབུལ་རྒྱུ་མཛད་མུར་དབུས་གཙང་སྡེ་གཟར་གྱི་ དབང་གིས་མ་འགྲིག་པར་ལུས། སྡེ་གཟར་འཇགས་ནས་ཚེ་སྒྲུབ་བླ་མར་གོང་མའི་སྲས་བཅུ་བདུན་པའི་བདག་རྒྱབ་བྱུང་བས་རྩེ་གདོང་སྐོར་སྤྲུལ་སྐུར་རང་འཇགས་ཞུས། མཁན་པོ་སྟོབས་ལྡན་ཀྱང་སེམས་མ་ཟིན་པས་དགོངས་ཕོག་གི་འཕོས། ས་སྐྱོང་མི་དབང་དེ་ཉིད་ལ་སྲས་བཅུ་བདུན་པས་བཀའ་ཁྱབ་ཐོག་ཕྱག་ཏུ་འབྱོར་བས་རྙིང་དུས་ལྟར་ཉམས་གསོ་ཅི་འགྲུབ་དང། ཁྱད་པར་རྣམ་རྩེའི་ཇོ་བོར་ཉམས་གསོ་རབ་གནས་དུས་ཐུགས་ཀར་འཇའ་དཀར་ཟུག་ཅིང་། མདོང་ཆོད་ནས་རྫོང་རི་ཇོ་བོ་རང་གནས་སུ་སྤྱན་དྲངས། ཤིང་སྟག་ས་སྐྱར་བྱོན་ཡབ་རྗེ་རྡོ་རྗེ་འཆང་དང་གཙུག་ལག་ཁང་རྣམས་མཇལ་ཞུ་མཛད། དེ་ནས་ས་ལུགས་ཀྱི་བླ་མ་དུ་མ་ལས་ཆོས་གསན་ཅིང་ཐུགས་རབ་ཆེ་བས་མཁས་གྲུབ་ཆེན་པོར་གྱུར། རྩེ་གདོང་སོགས་སུ་གསུང་ངག་རྡོར་འཕྲེང་བཀའ་འགྱུར་གྱི་ལུང་སོགས་ཆོས་འཁོར་བསྐོར་ཞིང་འཆད་རྩོད་གསུམ་ལ་ཐོགས་པ་