[A:༢༡༨]མི་མངའ། གསེར་མདོག་ཅན་གྱི་གདན་ས་ལོ་དུ་མ་མཛད་སྐབས་ནཱ་ལེནྡྲར་བཅོ་བརྒྱད་སྐུ་མཆེད་སོགས་དོན་གཉེར་དུ་མར་གསུང་ངག་སློབ་བཤད་ཀྱི་ཆོས་འཁོར་བསྐོར་བ་མཛད་པའི་ཚེ་མེ་ཁྱི་དབོ་ཟླའི་ཉེར་ལྔར་གློ་བུར་དུ་གཤེགས་ཤིང་། ཞབས་རྗེས་རྣམས་གཅུང་སྐུ་མཆེད་ཞབས་ཕྱི་བཅས་ནས་མཐར་ཕྱིན་པ་མཛད་ནས། སླར་ཡང་སྤྲུལ་སྐུ་འཁྲུལ་མེད་མཁས་གྲུབ་ཀྱི་གདན་ས་ཟིན་པ་ཞིག་རེ་བ་མཛད་མུ་ཡིན་ནོ། །
གང་ལྟར་དེ་ཉིད་ཀྱིས་རྩེ་གདོང་ཞལ་འཛིན་མཛད་མུར་ངེད་རང་ལོ་བཅོ་ལྔའི་ཐོག་དབུས་ལ་ཕྱིན་དུས་རྩེ་གདོང་ས་སྐྱར་གནང་འདོད་བཞིན་གཞུང་ས་མཆོག་ནས་སྩལ་བའི་བཅུ་དྲུག་ནས་བཟུང་ཡབ་མེས་གོང་མའི་གདན་ས་རང་འཇགས་བྱུང་བ་བཞིན་རྩིས་བླངས་སྟེ། མེ་སྟག་ལོ་ངོས་བསྐྱོད་ཀྱི་གནས་རང་ཉམས་གསོའི་ཚུལ་དུ་ཀྱེ་རྡོར་ཞི་བའི་སྦྱིན་སྲེག་དུ་མ་དང་། རབ་གནས་རྒྱས་པ་ཐུག་གསོ་རྒྱལ་མཚན་འཛུགས་ཆོག གཙུག་ལག་ཁང་དང་མགོན་ཁང་རྣམས་ལ་མཆོད་འབུལ་བཀང་གསོ། དེ་སྐབས་ཐར་རྩེ་རྡོ་རྗེ་འཆང་ཕེབས་པ་དང་འགྲིགས་པས་རྗེ་དེ་ཉིད་དང་སྤུལ་སྐུ་རིན་པོ་ཆེའི་གཙོ་མཛད་རྩེ་གདོང་ཆོས་སྡེ་དང་ཕྱོགས་འདུས་ཁ་ཤས་ལ་ཡང་ཕུར་ཀྱཻ་གསང་སོགས་དབང་བཀའ། སྒྲོལ་དཀར་སོགས་རྗེས་གནང་། ཆོས་སྤྱོད་བསྐང་བའི་ལུང་སོགས་ཆོས་བཀའ་དུ་མ་ཐོ