R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༢༠
[A:༢༢༠]མཆོག་གྱུར་གདུང་རབས་རྩེ། །མཁས་གྲུབ་གདོང་ལྔའི་དབང་པོ་རིམ་བྱོན་རྣམས། །རྒྱལ་བསྟན་གདོང་ལྔའི་སྒྲ་དབྱངས་ཆེར་སྒྲོག་ཅིང་། །མཐུ་སྟོབས་གདོང་ལྔའི་མཆེ་སྡེར་རབ་གྲུབ་པས། །ཕྱོགས་ལས་རྣམ་རྒྱལ་རྩེ་གདོང་པ་ཞེས་གྲགས། །ཁྱད་པར་མི་དབང་ནམ་མཁའ་བཀྲ་ཤིས་ཀྱིས། །གཙུག་ལག་སྐུ་གསུང་ཐུགས་རྟེན་བཤད་སྒྲུབ་སྡེ། །གསར་དུ་བསྐྲུན་ཞིང་མཁས་དབང་ས་ལོ་ཙཱ། །གྲུབ་དབང་བསམ་གྲུབ་ཞབས་དང་འཇམ་པའི་དབྱངས། །ཀུན་དགའ་བསོད་ནམས་ལྷུན་གྲུབ་སྐྱེ་དགུའི་མགོན། །མཚན་དོོན་མཐུན་པ་བསོད་ནམས་བསྟན་འཛིན་དབང། །མཁྱེན་བརྩེ་ནུས་ལྡན་ནོར་བུ་རྒྱལ་མཚན་སོགས། །བསྟན་འཛིན་རིམ་བྱོན་རྣམ་ཐར་བསམ་བཞིན་དད། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། ། དེ་དག་གིས་རྩེ་གདོང་བླ་བྲང་པའི་གདུང་རབས་བྱོན་ཚུལ་གྱི་ཁ་སྐོང་མ་ཚང་བར་མེད་པར་བསྟན་ཟིན། ༄༅དཔལ་ལྡན་ས་སྐྱ་འདི་ཉིད་དུ་གདུང་རབས་རྒྱུན་མི་ཆད་པར་བྱོན་པའི་ཚུལ་བཤད་པ། ད་ནི་དཔལ་ལྡན་ས་སྐྱ་འདི་ཉིད་དུ་གདུང་རབས་རྒྱུན་མ་ཆད་