[A:༢༢]ལྕགས་གླང་འདིའོ་ཡབ་རྗེ་ཐར་རྩེ་རྗེ།
གནས་གསར་རྗེ་དང་བྲག་རྩ་རྗེ་བཙུན་དྲུང།
ཞེ་དགོན་རབ་བརྟན་བཟང་དང་རྟ་ནག་མཁན།
ཚུལ་ཁྲིམས་བཟང་དང་ངོར་ཆེན་བསོད་ནམས་བཟང།
སངས་རྒྱས་ཡེ་ཤེས་དཔལ་ལྡན་ཆོས་སྐྱོང་ཞབས།
གོང་དཀར་བསོད་ནམས་བློ་གྲོས་རྣམ་མཁྱེན་གྲོང།
ཆོས་དབང་རྒྱ་མཚོ་ཆུ་རི་བཀྲ་ཤིས་དོན།
ཀུན་དགའ་ཆོས་འཕེལ་རིན་ཆེན་བཟང་པོ་སྟེ།
གོང་དཀར་རྣམ་ལྔ་རིན་ཆེན་མི་འགྱུར་ཞབས།
འགྲོ་མགོན་མཐུ་དབང་དེ་སྲས་རིགས་འཛིན་མཚན།
མཁན་ཆེན་དབང་ཕུན་མཁན་ཆེན་ཀུན་དགའ་ཟླ།
སེང་གེ་རྒྱལ་མཚན་ཤ་རི་མངའ་བདག་ཆེ།
རྒྱལ་དབང་བསྐལ་བཟང་རྗེ་དང་མཆོག་སྤྲུལ་ཞབས།
དཔལ་ལྡན་ནོ་མིན་ཧན་དང་འོན་རྒྱལ་སྲས།
ལོ་ནས་སེམས་དཔའ་ཆེན་པོ་སྨིན་གྲོལ་གླིང།
ཁྲི་ཆེན་རིན་ཆེན་རྣམ་རྒྱལ་སྲས་མཆོག་བཅས།
འབྲི་གུང་རྗེ་དང་བསམ་སྡིངས་ཡང་ཟབ་རྗེ།
ཀུན་དགའ་སངས་རྒྱས་ཞ་ལུ་ཡེ་ཤེས་གྲགས།
དངོས་གྲུབ་སྡིངས་དང་ཀུན་དགའ་དོན་གསལ་སོགས།
གུས་པས་བསྟེན་ནས་རིས་མེད་ཆོས་རྒྱུན་ཞུས།
ཉམས་ལེན་མེད་ཀྱང་དབང་ལུང་མན་ངག་འཁྲིད།
གཞོན་དུས་བརྩོན་ཁུལ་སློབ་མ་བསྟན་ཕན་དང།
བཏང་སྙོམས་དམ་ཉམས་གསོག་པ་གྲངས་མེད་ཡོད།
གདན་སའི་འཁུར་གྱིས་ལུས་སེམས་དོན་མེད་