R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣
[A:༢༣]མནར། བྱས་པ་རྗེས་མེད་ཐང་ཆད་གྲངས་སུ་བསྡད། ཕྱི་མ་དེ་འདི་ཡོང་རེ་བའང་ག་ལ་མཆིས། རུ་ཐོག་རྒྱལ་པོའི་སྲས་མོ་སེམས་མའི་ངོ། གཞོན་པར་བུ་མོ་གཅིག་བྱུང་རྒན་པར་ནི། ལྷལྟའི་གདུང་བརྒྱུད་མཆེད་བྱོན་དྲིན་ཅན་མ། རྩ་བརྒྱུད་བླ་མའི་ཐུགས་དགོངས་རྫོགས་གྱུར་ཅིག། སྐུ་མཆེད་ལྕམ་ནི་གཉའ་ནང་སྔོ་ར་བ། འཆི་མེད་དཔལ་འབྱོར་བཟང་མོ་འདི་ཉིད་ལས། གདུང་བརྒྱུད་ཆུ་ཀླུང་ཆེན་པོ་ལྟར་བྱོན་ནས། མཁས་བཙུན་བཟང་པོ་སྐུ་ཚེའི་རིག་འཛིན་ཅན། ཐོས་བསམ་སྒོམས་པས་ཐུགས་གྲོལ་འཆད་རྩོད་རྩོམ། རྗེ་བཙུན་གོང་མའི་རྣམ་ཐར་ཁོངས་ངེས་རྣམས། ཆོས་སྲིད་ཞབས་འདེགས་ལུགས་ཟུང་ཤེས་ཡོན་ཅན། ལྷག་བསམ་སྨོན་ལམ་རྣམ་དག་ཁོ་ནས་བཏེག། རང་གཞན་དོན་གཉིས་སྒྲུབ་ལ་འདི་འདྲ་ལས། ངོ་མཚར་གཞན་ཡོད་མ་ཡིན་སྙན་གྲགས་ཀྱིས། སྲིད་མཐའི་བར་དུ་བསྟན་འགྲོའི་མགོན་ཁོ་ན། འབྱུང་བར་མཛོད་ཅིག་བླ་མ་ཡི་དམ་དང། དམ་ཅན་རྒྱ་མཚོར་གདུང་དབྱངས་སྙིང་ནས་འབོད། བརྩེ་ཆེན་མཐུ་སྟོབས་དུས་ལས་གཡེལ་མེད་མཁྱེན། དེ་ལྟར་རྨད་བྱུང་གདུང་རབས་རྒྱ་མཚོ་ལས། ངོ་མཚར་ཉིང་ཁུ་སྙིང་པོར་སྒྲིལ་འདི་ལྟ། འཇམ་མགོན་གནམ་ལྷ་བར་པ་གཡུ་རིང་དང། དམུ་བཟའ་ལྡེམ་སྲས་བདུན་གྱི་མཐའ་མ་ནི། མ་སངས་སྤྱི་རྗེ་ཐོག་