[A:༢༣༢]དེ་ནས་ཀ་བཞི་དགོན་དུ་ཕེབས། དགོན་པའི་སྤྱི་རིམ་དུ་ཕུར་བཟློག་གཅིག་གནང་། གཟས་ཁ་ནས་དྲེལ་གཅིག་རྐུན་མས་ཁྱེར་བས་རྗེས་རྙོག་ཏུ། ཁྲམ་པའི་མཐོང་སྣང་ལ་རླུང་ནག་གཅིག་གི་གསེབ་ན་མི་ནག་བོང་བུ་ལ་བཞོན་པ་ཞིག་གིས་འདེད་སྣང་བྱུང་བས་འཕྲལ་དུ་སྒར་ཐོག་ཕུལ་བའི་དྲེལ་དེ་ལ་དགྲ་འདུལ་ལྷས་གནང་དུ་གསུང་། འབོམ་ཁ་དགོན་དུ་སྤྱི་རིམ་དམར་ཆེན་གཏོར་བཟློག་ཅིག་གནང་ནས་རིམ་གྱིས་རྒྱ་བོད་ཀྱི་ཚོང་འདུས་དར་རྩེ་མདོ་རུ་ཕེབས་ཏེ། སྒར་ཆེན་གངས་ཆུ་ཁར་གནང། ལྕགས་ལའི་ནང་བློན་ཡུལ་སྐད་དུ་ཡ་རུད་གྲགས་པ་གུ་རུ་རྡོ་རྗེ་དང་། སྔོན་སྨོན་བཟང་པོའི་མཚམས་སྦྱོར་ལྟ་བུས་མཆོད་ཡོན་ནང་གཙང་གི་ཞབས་འདེགས་བྱུང་། ཕྱོགས་དེར་རིམས་ཚད་འགོ་ཡམས་ཤིག་བྱུང་བའི་རྐྱེན་གྱིས་དཔོན་ཆུང་གྲགས་པ་རྡོ་རྗེ་ཞེས་པ་གློ་བུར་དུ་གྲོངས་པར། རྗེ་འདི་ཉིད་ཀྱིས་དགོངས་པ་བརྟུལ་ཞུགས་དང་ལྡན་པས་ཕུང་པོ་དམར་བསྲེགས་དང་བདུན་ཚིགས་ཀྱི་ཆོ་གས་རྗེས་འཛིན་གནང་བར་གྲྭ་འཁོར་རྣམས་ཤིན་ཏུ་བྲེད་ཀྱང་གཅིག་ལ་ཡང་མ་འགོས་པར་མ་ཟད་ནད་རིམས་གཞན་ཡང་ཆད་པས་སྙན་པ་ཕྱོགས་མཐར་ཁྱབ་པ་བྱུང་། དེ་སྐབས་ལ་མོ་རྩེའི་ལྷ་མོས་འདི་སྐད་དུ། གངས་ཅན་ལྔོངས་ཀྱི་གཙུག་རྒྱན་རྟ་བདུན་ཁྱོད། །འོད་ཟེར་བྱེ་བས་སྟོང་གསུམ་ཁྱབ་པར་བྱས། །མུན་པའི་ཚོགས་