R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣༦
[A:༢༣༦]ཕུལ་ནས་མཉེས་པར་མཛད། སློབ་དཔོན་འཁོར་བཅས་དངོས་སུ་ཞལ་གཟིགས་པ་དང་འཇའ་ཚོན་མེ་ཏོག་གི་ཆར་སོགས་ཡ་མཚན་པ་དང་། དེ་ནས་ལྷ་སར་ཕེབས་ལམ་སྒོ་ལའི་གཞི་བདག་བྲག་ཕུག་ཏུ་ཕྱག་རྗེས་ཤིག་གནང་། ཇོ་བོ་རིན་པོ་ཆེ་མཇལ། འབྲས་སྤུངས་སྤྲུལ་སྐུ་རི་པོ་ཆེ་ནས་ཇ་འདྲེན་དང་རྒྱ་སྦུག་ལེགས་པ་སྩལ། གནས་ཆེན་ཡེར་པ་མཇལ། ལོ་དགོན་པར་ཕེབས། སྤྱན་སྔ་ཀུན་དགའ་དོན་གྲུབ་ལ་སྙན་བརྒྱུད་ཀྱི་གདམས་པ་མང་ཞིག་གསན། དེ་ནས་ལྷོ་ལམ་བརྒྱུད་ནས་རྭ་རྒོ་སུམ་མདོར་ཕེབས་སྒར་ཚུགས་སུ་རྒྱུན་བསྐང་གྲུབ་རྗེས་དད་ལྡན་འགའ་ལ་ཁྲོ་ལོ་ནས་ཉེ་བརྒྱུད་འཇམ་དཀར་གྱི་རྗེས་གནང་མཛད་ཚེ་ཁ་ཆར་བུ་ཡུག་གི་ཐུགས་སུན་པར་བྱུང་ཚེ་མགྱོགས་གཏོར་རྐང་གླིང་སྙན་དར་གཡབ་པས་འཕྲལ་དྭངས་བྱུང་། ལྕགས་ར་དཔལ་འབར་དུ་ཆོས་རྒྱལ་འཕགས་པའི་དགོན་པར་ཕེབས། ཨོ་རྒྱན་སྦས་ལུང་གངས་རི་མི་རོ་རུས་ཁོམ་གངས་སེང་སོགས་ལམ་འཕྲང་ཡ་ང་ཡོད་ས་ནས་སྒར་དམངས་བཅས་ཕེབས་པར་སྐྱོན་མེད་དུ་བདེ་བར་བྱུང་། དེ་ནས་ཡང་ཡིད་འོང་ཤིས་རིང་། ཀ་རྣམ་རི་བོ་ཆེའི་ཕྱོགས་རྣམས་སུ་གདུལ་བྱ་ཆེ་བར་བྱུང་། མདོ་ཁམས་སྒེས་མདོར་ཕྱག་ཕེབས་ཚེ། ས་དཀར་ནས་བདག་ཆེན་ཀུན་ལེགས་ཞབས་དྲུང་སྐུ་བསྙེལ་བའི་ཚུལ་བསྟན་པར་རྒྱུ་མཚན་ཞུ་འབུལ་དང་གདན་འདྲེན་པ་འབྱོར་