R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣༧
[A:༢༣༧]འཕྲལ་ཞལ་མཇལ་མ་བྱུང་དོགས་པས་འཕྲལ་བཤད་དུ་ཕེབས་ཏེ་བདག་ཆེན་དེ་ཉིད་དང་དངོས་མཇལ་གསུང་གླེང་ཐུགས་དགོངས་རྫོགས་པ་བྱུང་། སྐུ་ངོས་ནས་ནན་ཞུས་དང་། སྐུ་འཁོར་རྣམས་ཀྱིས་དབུ་ཚུགས་ཀྱི་ངོ་མ་ཆོག་པར་དགོན་མ་བུ་དང་ཕྱག་རྫས་གང་ཡོད་རྩིས་བཞེས་ལུགས་མཛད་ཟིན་འཕྲལ་སླར་ཡང་སྐུ་རིམ་ཞབས་བརྟན་གསེང་ཤོར་མེད་པ་བསྒྲུབ་ཀྱང་ཞིང་ཁམས་གཞན་གྱི་གདུལ་བྱར་གཞིགས་པས་རྡོ་ལ་བསྙུང་བུ་བཙུགས་པའི་ལུགས་ལས་མ་བྱུང་བར་ཐུགས་ཡུས་པའི་ངང་ནས་སྐུ་གདུང་ཞུ་བ་དང་དབུས་གཙང་ཕྱོགས་སུ་མང་བསྐོལ་གསེར་གདུང་བཞེངས་པ་སོགས་ཐུགས་དགོངས་རྫོགས་ཐབས་རྨད་དུ་བྱུང་བ་གནང་བཞིན་པས་གདན་ས་དེ་ཉིད་དུ་ལོ་ངོ་བཞི་བཞུགས་ནས། དགུངས་གྲངས་སོ་གཅིག་བཞེས་ཚེ་མཐའ་འཁོབ་སོག་པོ་འདུལ་བའི་དུས་ལ་གཟིགས་ཏེ་ཆིབས་བཏེགས་ནས་རིམ་པས་ཕེབས་ཏེ་མཚོ་ཁྲི་ཤོད་རྒྱལ་མོའི་ལྷོ་ཕྱོགས་སའི་དཔྱད་ཕུན་སུམ་ཚོགས་ཤིང་ཆོས་ལྡན་གྱི་རྒྱལ་པོོ་འཁོར་ལོ་ཆེན་པོ་ཞེས་བྱ་བས་སྐྱོང་བའི་ཡུལ་གྱི་ཆ་ཤ་ར་ཇུར་གེ་ཞེས་བྱ་བར་བཞུགས་སྒར་བཏབ། ས་བྱ་ལོ་ཟླ་བ་གཉིས་པའི་དུས་ཚེས་ཕུན་སུམ་ཚོག་པའི་ཉིན་མོར་ས་དབང་དེ་ཉིད་དང་མཆོད་ཡོན་མཇལ་འཛོམ་རྟེན་འབྲེལ་གྱི་སྒོ་བརྒྱ་ཕྱེ། སྔར་ཕན་རྒྱལ་པོའི་བཙུན་མོ་བོག་ཐོ་མ་ཞེས་པར་རིགས་