[A:༢༤]ལྕམ་འུར་མོའི་སྲས།
དཔའ་བོ་སྟག་དང་ཀླུ་ལྕམ་དྲ་མའི་སྲས།
སྟག་པོ་འོད་ཅན་མོན་བཟའ་མཚོ་མོའི་སྲས།
གཡའ་སྤང་སྐྱེས་རྣམས་ལྷ་ཡི་གདུང་རབས་ཡིན།
དེ་དང་སྲིན་འཁོན་གཡའ་འབྲུམ་སི་ལིའི་སྲས།
འཁོན་བར་སྐྱེས་དང་བཙན་ལྕམ་བུ་སྒྲོན་སྲས།
དཀོན་པ་རྗེ་གུང་སྟག་གམ་དཔལ་པོ་ཆེ།
དེ་དང་རླངས་བཟའ་ནེ་ཆུང་མ་ཡི་སྲས།
རྡོ་རྗེ་རིན་ཆེན་འགྲོ་བཟའ་གཡང་ལོན་སྲས།
བདུན་གྱི་དྲུག་པ་ཤེས་རབ་ཡོན་ཏན་ཏེ།
དེ་ནས་དཀོན་མཆོག་རྒྱལ་པོའི་བར་བྱོན་ཡུམ།
སྔོན་གྱི་གཏམ་དང་ཡིག་ཚང་ངས་མ་མཐོང།
ཡབ་སྲས་རིམ་ཅན་སྨོས་པ་འདི་ལྟ་སྟེ།
ཡོན་ཏན་འབྱུང་གནས་ཚུལ་ཁྲིམས་རྒྱལ་པོ་དང།
གཙུག་ཏོར་ཤེས་རབ་དགེ་སྐྱབས་དགེ་མཐོང་དང།
བལ་པོ་ཤཱཀྱ་བློ་གྲོས་དཀོན་མཆོག་རྒྱལ།
རིམ་བཞིན་སྔ་མའི་སྲས་ནི་ཕྱི་རྣམས་ཡིན།
དཀོན་མཆོག་རྒྱལ་པོ་ཡན་གྱི་དགུང་སྙིང་དང།
ལོ་གྲངས་འདི་བཞུགས་མ་གསལ་དཀོན་མཆོག་རྒྱལ།
ཤིང་ཁྱི་རེ་དགུ་ཆུ་རྟར་གཤེགས་དེ་དང།
གུ་ར་ཞང་མོ་སྐྱིད་ལ་ང་དགུ་པ།
ཆུ་སྤྲེར་ས་ཆེན་འཁྲུངས་ནས་རེ་བདུན་པ།
ས་སྟག་གཤེགས་དེའི་དགུང་གྲངས་བཅུ་གཅིག་ནི།
ཡབ་ཀྱི་ཁོངས་བསྡུས་ལྷག་མ་ང་དྲུག་ལུས།
བཙུན་མོ་ཚ་རོང་བགྲེས་པ་འོད་སྒྲོན་ལས།
ཡབ་རྗེ་ང་དགུ་ལྕགས་རྟར་དཔལ་ཆེན་འོད།
འཁྲུངས་ནས་ང་བཞི་