[A:༢༤༡]པར་མེད་པ་དང་། དུས་མདོས་གཟབ་སྤྲོས། རྒྱ་གདུང་དཔོན་གྱི་རིམ་གྲོར་མགོན་པོའི་གཏོར་བཟློག དར་མདོའི་སྤྱི་རིམ་དུ་སྒར་ཐོག་ཏུ་ཕུར་བཟློག་སོགས་བསྟན་པའི་མིག་རྒྱན་དུ་འགྱུར་ངེས་ཁོ་ན་གནང། ལྷ་མི་ཀུན་གྱི་གཙུག་གིས་བཀུར་ཞིང་ཟང་ཟིང་གི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། སླར་བོད་ལ་ཆིབས་བསྒྱུར་གྱི་ལམ་གཏོར་རིམ་གྲོར་ཕུར་བཟློག་ཚུག་པར་ཟོར་བཀྲ་སོགས་ལེགས་པར་བྱུང་།
མི་ཉག་གི་ལམ་བར་གྱི་ས་དགེ་དཀར་དགོན་རིས་མེད་ཀྱི་འཆོས་སྡེར་གནམ་རྒྱན་རེ་དང་འདུས་ཚོགས་ལ་བསྙེན་བཀུར་ཕུལ། འབམ་ཁའི་ཆོས་སྡེ་ཞེས་པ་ཐོག་མར་གནས་བརྟན་བ་ཀུ་ལས་སྤྲུལ་ཞིང། ཕྱིས་སུ་རིག་པའི་སེང་གེ་བྱང་ཆུབ་དཔལ་བས་དགོན་བཏབ་པ་དེར་བཀའ་འགྱུར་ཚར་གཅིག་གསུང་སྒྲོགས་གནང་། གླེགས་བམ་དགུའི་དྲིལ་ཚེས་སྔོན་དུས་བསྟན་བཤིག་འགས་ཁྱེར་བའི་ཚབ་ལ་གོས་ཆེན་གྱི་ན་བཟའ་ཕུལ། ཕྱུ་མོ་དགོན་པར་དབོན་པོ་ངག་དབང་སོགས་ལ་གུར་དྲག་གི་བཀའ་དབང་སྩལ། དེ་ཁའི་མགོན་ཁང་དུ་མགོན་སྐུ་གསར་བཞེངས་དང་རབ་གནས་གནང། ཀ་བཞི་དགོན་དུ་ས་མཆོད་ལ་སེར་ཕྲེང་ཡོ་བྱད་ཐོགས་པ་སོགས་ཀྱིས་བསྐོར་བ་མཛད། སླར་ཡང་འབམ་ཁ་དགོན་དུ་དྲུག་ཅུ་པའི་གཏོར་བཟློག་མཛད། ལྷ་འབྲི་དགོན་པར་དཔོན་སློབ་བུ་ལུང་