[A:༢༤༠]ཞེས་སོགས་ཞལ་བཞེས་ཕུལ།
དེ་ནས་ཤེས་ཁོག་སྟོད་སྨད་རིམ་བརྒྱུད་མཆོད་རྟེན་དཀར་པོར་ཕྱག་ཕེབས་ཚེ་ས་ཡངས་དང་ལྕགས་ལ་གཉིས་འཁྲུག་རྩོད་ཤོར་བའི་གཏན་གསན་མ་ཐག་སྔོན་གྱི་སྦྱིན་བདག་རྙིང་མར་གྱུར་པ་དང་། འཕྲལ་གྱི་ཐུགས་རྗེ་ཤུགས་དྲག་འཁྲུགས་པས་བསྐུལ་ཏེ། ཉིན་མཚན་ལྟོས་མེད་དུ་དར་མདོར་ཕེབས་ཚེ། ཕལ་པའི་བློས་མི་འཁྱུད་པའི་ལྷ་མིན་གྱིས་འཁྲུག་ལོང་ལྟ་བུས་གནམ་ས་ཁེངས་པའི་བར་དུ་ཐོག་བརྫིས་ཀྱི་བྱོན་ཏེ་ལུགས་གཉིས་ཆར་དང་བསྟུན་པའི་བར་འཆིང་གནང་བས་བདེ་འཇགས་སུ་བཏང་། ཆུ་ལོག་ཆེན་པོས་ཚོང་འདུས་འཇིག་ལ་ཉེ་བའང་བདེན་སྨོན་གྱིས་བཟློག
དེ་སྐབས་ཤིག་ན་དཔལ་ལྷ་སྒང་ཤེས་བྱ་བའི་གནས་ཆེན་དུ་དགེ་འདུན་ཁྲི་ཕྲག་མང་ཚོགས་མཛད་ནས་རྗེ་ཉིད་ཚོགས་དབུར་ཕེབས། རྟེན་མཆོད་འདུས་པ་རྣམས་ལ་འབུལ་འགྱེད་རྒྱ་ཆེ་བ་སྩལ། འདི་ཁོངས་སུ་རྡོ་རྗེ་ཕུར་པའི་གཏོར་བཟློག་རྒྱས་པ་ཞིག་གནང་བའི་སྐབས། རྡོ་ལ་ཞབས་རྗེས་ཤིག་ཀྱང་སྩལ་ཞིང་། མེ་ཏོག་གི་ཆར་སོགས་ཀྱིས་ཀུན་ཀྱང་ངོ་མཚར་བར་མཛད། གཞན་ཡང་སྔ་ཕྱིར་དར་མདོར་རང་དུ་རྡུལ་ཚོན་ལ་བརྟེན་པའི་རྡོ་རྗེ་ཕུར་པའི་དཀྱིལ་ཆོག འཆམས་སོགས་གདན་སའི་ཕྱག་ལེན་ལས་ཁྱད་