R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༤༤
[A:༢༤༤]དབུས་གཙང་ཕྱོགས་སུ་རྟ་ཁ་བསྒྱུར། །བར་ཆད་ཕྲན་བུ་འདུག་སྟེ་ཁོ་བོས་སེལ། །ཞེས་སོགས་ལུང་བསྟན་ཁ་ཤས་བསྩལ། དེ་ནས་རིམ་བརྒྱུད་རྒྱ་སྐབས་གདན་སར་ཕེབས། དེ་ཕྱོགས་སྐྱེ་དགུ་མཐའ་དག་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། རམ་འབུར་མགོན་ཁང་དུ་ཆོས་རྒྱལ་འཕགས་པ་རིན་པོ་ཆེའི་ཐུགས་དམ་རྟེན་གྲས། གཉེན་མགོན་བྲམ་གཟུགས་ཆེན་པོར་བསྐང་བ་འཕྲིན་བཅོལ་གནང་ཚེ་གཉེན་མགོན་གྱིས་དངོས་ལུང་བསྟན་དུ་མ་སྩལ། དེ་ནས་དངོལ་ཧྲེང་སྟེང་དུ་ཕེབས་ལྷ་སྡེ་མི་སྡེ་ཁྲོམ་ཚོགས་ལ་ཐུགས་རྗེ་ཆེན་པའི་བསྒོམ་ལུང་གནང་། དེ་ནས་ཨབ་བྲ་ཐང་དུ་དགེ་ལུགས་ཞལ་སྔ་སོགས་ལ་བླ་མའི་རྣལ་འབྱོར་ལ་སོགས་པའི་ཆོས་འཁོར་བསྐོར། དེ་བཞིན་དུ་ལམ་བར་རྣམས་སུ་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་པ་ནས་དོམ་ནག་གྲུ་དོན་ཚེ་ཡུལ་ཕྱོགས་ཀྱི་གཞི་བདག་གིས་ཐོག་སེར་ཤཱ་འོད་སོགས་ཚུབ་ཀྱི་རྣམ་པ་བྱུང་བར་ལྷ་དང་སྲུང་མར་འཕྲིན་བཅོལ་གནང་ཚེ་གློ་བུར་དུ་གུར་མགོན་གྱི་རྣམ་འཕྲུལ་མི་ནག་ཆེན་པོ་གཅིག་དང་། ཞལ་གྱི་སྤྲུལ་པ་མི་ནག་ཨག་ཚོམ་རས་ལྕོག་དཀར་པོ་བྱས་པ་གཉིས་ཀས་ཕུབ་རེ་ཁུར་ནས་རྦབ་དང་ཆུ་ལོག་མངོན་སུམ་སྐྱབས་ནས་མདུན་གྱི་ནམ་མཁར་ཡལ་ཞིང་འཕྲང་གི་ལམ་རིང་ལ་གཟི་བདག་གི་སྤྲུལ་པ་རི་དྭགས་གཉིས་ཀྱིས་རྦ་རྡོ་ཕབས་པས་པུ་ཏྲའི་སྤྲུལ་པ་ཨ་ཙ་ར་