[A:༢༤༥]ཞིག་གིས་རྦབ་དེ་བར་ལམ་ནས་བླངས་ཏེ་ཆུ་རོངས་ལ་འཕངས།
དེ་ནས་ཚ་བའི་སྒང་དུ་ཕྱག་ཕེབས་འབྲོང་པ་དཔོན་སོགས་ཀྱིས་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས་གཤེད་དམར་ལ་སོགས་པའི་ཟབ་ཆོས་འགའ་ཞིག་ཀྱང་སྩལ། ཁྲ་རྒན་ཕུག་ཏུ་ཕེབས་ཚེ་ས་དཀར། འདམ་ཐོག་གནས་ནང་གིས་གཙོས་པའི་ལྷ་སྡེ་མི་སྡེ་ཀུན་གྱིས་བཞུགས་དགོས་ཀྱི་ནན་བཤོལ་ཞུས་ཀྱང་མ་གསན་པར་ཤར་གྱིས་ཕེབས། ལྷོ་རོང་རྫོང་ནས་སྡེ་པས་བསྙེན་བཀུར་ལེགས་པར་ཞུས་ལམ་སྐབས་དགེ་ལུགས་དགོན་པ་འགའ་ལའང་མང་བསྐོལ་གནང་། ཚལ་བྲག་དགོན་པའི་ཞིང་ཁར་རྟ་དྲེལ་ཤོར་བའི་རྐྱེན་གྱིས་སྒར་དགོན་འཐབ་འཛིང་ཐུག་ཀྱང་། སྒར་པའི་གྲྭ་རིགས་རྣམས་བླ་མ་ལྷ་ཡིས་སྐྱབས་ཏེ་ཅང་མ་སྐྱོན། དགོན་པའི་གྲྭ་པ་གསུམ་ཙམ་ལ་རྡོ་སོགས་ཐེབས་པ་བྱུང་ཡང་སླར་བཤགས་པའི་ཚུལ་དུ་གདན་དྲངས་ནས་ཞབས་ཏོག་ཞུས། དེ་ནས་ཁམས་སྟོད་ལྕགས་ར་དཔལ་འབར་དུ་ཕེབས། དགེ་ལྡན་པའི་ཡོན་བདག་དབང་དྲག་གིས་བསྙེན་བཀུར་འབུལ་བ་རྒྱ་ཆེར་ཞུས། ཚེ་དབང་སོགས་ཀྱི་འདོད་ཆོས་གནང་།
དེ་ནས་གོང་ལ་བརྒྱུད་རིམ་པས་རྫ་ལའི་རྩར་ཕེབས་ཚེ་ཁམས་ཀྱི་གཞི་བདག་རྣམས་ཀྱི་སྒོར་བསྒྱིལ་གྱི་ཚུལ་དུ་ཁ་བས་ཕེབས་དཀའ་ཙམ་བྱུང་། དེ་ནས་ཇོ་མོ་སྣར་མང་བསྐོལ་གནང་། ལྦ་