[A:༢༤༦]རང་སྒང་སོགས་བརྒྱུད་ནས་སྙེ་མདའ་བོན་དགོན་སོགས་སུ་ཕེབས་ཚེ་ཧོར་གྱི་མི་སྣ་ཡིན་ཟེར་བའི་ཁྲམ་པ་འགའ་ཞིག་ཉ་མགོ་གནོན་མཁན་དང་། ཧ་རི་ལུང་སྐྱོག་ཏུ་ཕེབས་ཚེ་་ཀརྨ་ས་སྐྱོང་ཟེར་བའི་མི་སྣ་སླེབས་ཏེ་གནང་སྦྱིན་དགོས་ཟེར་བ་དང་། ཁྱད་པར་དུ་བདུད་མོ་ག་ཆའི་མིང་ཅན་གྱིས། ཁྲམ་པ་མང་པོ་བསྐུལ་ནས་སྒར་པ་བླང་བར་ཆས་ཚེ། རྗེ་འདི་ཉིད་ནས་སྒར་ཐམས་ཅད་ཐུགས་བློས་བཏང་ཀྱང་ཟིལ་ཆེ་བས་བླང་མ་ནུས་པ་དང་། སླར་མེར་གཞུང་དུ་ཕེབས་ཚེ། ཆོས་སྲུང་རྣམས་ཀྱིས་མངོན་སྤྱོད་ཀྱི་རྟགས་མཚན་འཕྲལ་དུ་བསྟན་ནས་ཁྲམ་པ་མང་པོ་བསྒྲལ་བའི་ཉེ་དུ་རྣམས་དང་ག་ཆ་འཁོར་བཅས་ཀྱིས་ཐུགས་རྗེས་འཛིན་པར་ཞུ་བའི་བསྔོ་རྟེན་རྗེས་བསྙེགས་སུ་ཕུལ་བ་རྗེས་སུ་བཟུང་། འབྲི་གུང་ཚལ་དུ་དར་འཕན་དང་མང་བསྐོལ་གནང་། བཀྲ་ཤིས་ན་ཐང་དུ་ཕེབས་ཚེ་སྤྱན་སྔ་བྱམས་པ་ཀུན་དགའ་དོན་གྲུབ་ཕེབས་པ་ལས་ཟབ་ཆོས་འགའ་ཞིག་གསན། མང་རའི་དགོན་པས་སེར་ཕྲེང་འཆམ་མགོན་གྱིས་ཕེབས་བསུ་ཞུས། དེར་སློབ་དཔོན་ཞི་དྲག་སོགས་གསར་རྙིང་གི་ཆོས་བཀའ་དང་དར་འཕན་བསྐོལ་འགྱེད་གནང་།
ལྷ་སར་ཕེབས་ཏེ་ཇོ་ཞལ་རྣམ་གཉིས་ཀྱིས་གཙོས་པའི་རྟེན་མཆོག་འགའ་ལ་བླ་རེ་སྙན་དར་དར་ཆེན་སོགས་སྨོན་ལམ་བཅས་