[A:༢༤༧]གནང་། གནས་དེར་ནྭ་ལེནྡྲའི་བཅོ་བརྒྱད་དབོན་པོ་སོགས་ལ་ཁྲོམ་ཆོས་རྒྱ་ཆེར་གནང་། ས་དགེ་བཀའ་འབྲུག་རིས་མེད་ཀྱི་ཆོས་སྡེར་མང་སྐོལ་སོགས་ཕུན་སུམ་ཚོགས་པར་སྩལ། གསང་མདར་གླིང་སྟོད་མཁན་པོ་མཇལ་ཁར་བྱོན་པ་དང་ཐུགས་སྤྲོ་མཛད། གསང་ཕུ་སོགས་དགོན་གནས་ཁ་ཤས་ལ་མང་སྐོལ་གནང་། བསམ་ཡས་གཉེར་པ་མཁན་པོ་གྲགས་པ་དཔལ་འབྱོར་སླེབསཤིང་། ཆོས་སྐྱོང་ཆེན་པོའི་ཞུ་ཡིག་དང་ངག་ལམ་མཚུངས་པར་བརྒྱུད་པ་འོད་ཟེར་ཅན་རང་བསམ་ཚད་དེ་བྱས་ན་གེགས་མེད་འགྲུབ་པར་འགྱུར་སོགས་ཀྱི་ལུང་བསྟན་ཕུལ་བར་སྐྱེས་ལེན་དུ་སྙན་དར་ཇ་ཕུད་དར་ཆེན་སོགས་སྩལ། དབུ་རྩེ་ཆེན་མོར་སྒྱན་གནམ་རྒྱན་འདུས་ཚོགས་ལ་མང་ཇ་ཇ་འགྱེད་སོགས་བསྐུར་གནང་མཛད། རིམ་གྱིས་སྐྱིད་ཚལ་སོགས་ལ་མང་སྐོལ་དང་། གོང་དཀར་དུ་མང་ཇ་སྐོལ་འགྱེད་སོགས་ཚན་ཆེ་བ་དང་། ཆོས་འཁོར་དཔག་མེད་བསྐོར། དེ་ཕྱོགས་ཀྱི་ཆོས་སྡེ་རྣམས་ལ་མང་སྐོལ་གནང་། བྲག་ཐོག་པའི་གཟིམས་ཕུག་མཇལ། ཡར་འབྲོག་དཔལ་དེ་སྡེ་པས་གུས་འདུད་ཞུས་ཤིང་ཆོས་དང་ཟང་ཟིང་གིས་ངོམས་པར་མཛད།
སྣ་དཀར་རྩེ་ནས་གདན་འདྲེན་སླེབས་པ་ལྟར་བྱོན། སེར་ཕྲེང་སོགས་བསུ་བ་རྒྱས་པར་བསྟར་ཞལ་ངོ་རྣམས་ལ་རྡོ་རྗེ་ཕུར་པའི་དབང་བསྐུར་སོགས་ཐུགས་འདོད་བསྐང་། དགོན་པར་མང་