R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༤༨
[A:༢༤༨]སྐོལ་མཛད། སླར་གོང་དཀར་དུ་ཚོགས་ཁྲོ་གནང་། རོང་བྱམས་ཆེན་ལ་གནམ་སའི་རྒྱན་དང་། དེར་ཡང་མང་སྐོལ་གནང་། རིན་སྤུང་དུ་དཔོན་ས་ཚེ་བརྟན་དཔལ་མོས་དད་སྤྲོ་དཔག་ཏུ་མེད་པས་བསྙེན་བཀུར། སྐུ་རིམ་ཕུར་བསློག་མཛད། རྩེ་གདོང་གདན་ས་ནས་འཇམ་མགོན་བསོད་ནམས་ལྷུན་གྲུབ་ཁུ་དབོན་གྱིས་གདན་འདྲེན་ནན་ཅན་བཞིན་དེར་བྱོན། ཁུ་དབོན་རྣམས་ཀྱི་སྐུ་རིམ་དུ་དྲུག་ཅུ་པའི་གཏོར་རྫོང་གནང་བར་མངོན་སྤྱོད་ཀྱི་བཀྲ་ལྟས་ལེགས་རབ་བྱུང་། ཕན་ཚུན་བཀའ་ཆོས་གནང་བཞེས་རྒྱ་ཆེར་མཛད། ཞལ་ངོ་རྣམས་ལ་སྐྱེས་གནང་དང་། ཆོས་སྡེ་ལ་དར་འཕན་མང་སྐོལ་སོགས་སྩལ། གསེར་མདོག་ཅན་དུ་གནམ་རྒྱན་མང་འགྱེད་སོགས་དང་། ཐུགས་རྗེ་ཆེན་པོའི་སྒོམ་ལུང་ཡང་སྩལ། དེ་ནས་བསམ་གྲུབ་རྩེ་རུ་ཉེ་བ་ན་ཆོས་རྒྱལ་ཀརྨ་བསྟན་སྐྱོང་གིས་ཆིབས་བསུ་དང་བཅས་ཐོག་མར་ཀླུ་སྡིང་དུ་ཞག་ཤས་བཞུགས། ཚེ་དཔག་དཀར་པོ་སོགས་ཀྱིས་བཀའ་དབང་དུ་མ་དང་གནང་སྐྱེས་ཀྱང་རྒྱ་ཆེར་སྩལ། དེ་ནས་ཕོ་བྲང་ཆེན་པོའི་ཤར་སྟེངས་སུ་རྒྱུན་རིང་བཞུགསཤིང་སྦྱིན་བདག་གི་སྐུ་རིམ་དུ་ཕུར་བཟློག་དང་ལོ་གསར་དུས་མདོས་གཟབ་སྤྲོས་ལུགས་ཀྱི་འཆམས་སྐུ་སོགས་གདན་ས་ནས་གདན་འདྲེན་ཞུས་པ་ཉེར་བདུན་ཉིན་འབྱོར་