[A:༢༥]ཆུ་ཕག་གཤེགས་དེའི་དགུངས།
དགུ་ནི་ཡབ་ཀྱི་ཁོངས་བསྡུས་ལྷག་ཞེ་ལྔ།
དེ་དང་གར་ཕུ་ཉི་ཁྲི་ལྕམ་ལ་ནི།
ཡབ་རྗེ་སོ་ལྔ་ཤིང་འབྲུག་བཟང་ཚ་འཁྲུངས།
ང་དྲུག་ས་ཕག་གཤེགས་དེའི་ཉི་ཤུ་བར།
ཡབ་ཀྱི་ཁོངས་བསྡུས་སོ་དྲུག་ལྷག་མ་ལུས།
དེ་དང་རྡོ་རྗེ་ལྡན་ལས་ཡབ་ང་ལྔ།
ས་ཁྱིར་ཡེ་ཤེས་འབྱུང་གནས་འཁྲུངས་ནས་ནི།
སོ་བདུན་ཤིང་ཕོ་ཁྱིར་གཤེགས་ལོ་གཉིས་ནི།
ཡབ་ཀྱི་ཁོངས་བསྡུས་ལྷག་མ་སོ་ལྔ་ལུས།
དེ་དང་ཁབ་སྨད་མ་ལས་ཡབ་ཉེར་ལྔ།
ཆུ་ཁྱིར་བཟང་པོ་དཔལ་འཁྲུངས་རེ་གསུམ་པ།
ཤིང་བྱིར་གཤེགས་དེའི་བཅུ་གསུམ་ཡབ་ཁོངས་སོ། །
ལྔ་བཅུ་ལྷག་ལུས་དེ་དང་ཉི་རིན་མར།
ཡབ་རྗེ་ཞེ་བདུན་ས་སྤྲེར་ཀུན་ལེགས་འཁྲུངས།
ཉེར་དགུ་མེ་བྱིར་གཤེགས་དེའི་བཅུ་བདུན་ནི།
ཡབ་ཁོངས་བཅུ་གཉིས་ལྷག་ལུས་མེ་བྱིར་ནི།
གྲགས་རྒྱལ་བལྟམས་ཤིང་ཞེ་གཉིས་མེ་སྦྲུལ་གཤེགས།
ཉེར་ལྔ་ལྕགས་བྱིར་ལྷ་རིན་རྣམ་སྲས་རྒྱལ།
ཞེ་དགུ་ས་བྱིར་གཤེགས་དེའི་ལོ་བཅོ་བརྒྱད།
ཡབ་ཁོངས་ལྷག་མ་སོ་གཅིག་ལུས་དེ་དང།
བསོད་ནམས་འབུམ་ལ་ཡབ་རྗེ་བཞི་བཅུ་པ།
ས་ཡོས་ནམ་མཁའ་ལེགས་པ་འཁྲུངས་ནས་ལོ།
ཞེ་དྲུག་ཤིང་བྱིར་གཤེགས་དེའི་ལོ་བཅུ་ནི།
ཡབ་ཁོངས་ལྷག་མ་སོ་དྲུག་ལུས་དེ་དང།
བཙུན་མ་སྐྱིད་ལས་ཡབ་རྗེ་སོ་བདུན་པ།
ཤིང་ཡོས་ནམ་མཁའ་