R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༥༡
[A:༢༥༡]གསན་བཞེས་མཛད། གདན་སའི་སྐུ་རིམ་དུ་དྲུག་ཅུ་པའི་གཏོར་རྫོང་ཞིག་ཀྱང་གནང་བ་སོགས་གདན་སར་ཟླ་བ་ལྔ་ཙམ་བཞུགས་ཤིང་། དེ་མཚམས་ལྷ་སར་ཞབས་བསྐོར་དམ་བཅའ་ཡོད་མཛད་སོགས་ཀྱིས་སྐུ་མཆེད་བཀའ་བགྲོས་ཐོག་དབུས་སུ་འབྱོན་བཞེད་ཀྱིས་ལྷ་ཆེན་དང་སྲུང་མ་ཁང་རྣམས་སུ་བསྐང་བ་འཕྲིན་བཅོལ་དང་། གཞི་བྱེས་ཀྱི་སྐུ་རིམ་དུ་ཕུར་བཟློག་རྒྱས་པར་མཛད་དེ་འཇམ་མགོན་ཨ་མེས་ཞབས་ཀྱིས་ཕེབས་སྐྱེལ་ཞུ་བ་མཛད་དེ་གདན་ས་ནས་ཆིབས་བཏེག སྣར་ཐང་དུ་ཕེབས་སྐབས་ངོར་ནས་གདན་འདྲེན་འབྱོར་བ་བཞིན་ཕེབས། དབོན་པོ་འབྱུང་གནས་མཚན་ཅན་མཁན་པོར་བསྐོ་བཞག་དང་། ཚོགས་པར་མང་ཇ་ཁ་ཤས་ཀྱི་ཐོག་བསྟན་དོན་ལ་ཕན་སླེབས་གཏན་འཇགས་ཡོང་བའི་ཞལ་ཏ་ཕེབས། སྣར་ཐང་ལ་ཡང་མང་སྐོལ་དང་རྟེན་མཇལ་གནང་ནས་གཞིས་ཀ་ཀླུ་སྡིངས་སུ་ཕེབས། མཆོད་ཡོན་ཐུགས་སྤྲོ་ཚད་མེད་ཀྱི་ངང་ནས་བཀའ་དབང་ཁ་ཤས་གནང་། སྒྲུབ་གནས་ཁྱད་འཕགས་ཕུང་པོ་རི་བོ་ཆེར་གནས་མཇལ་ལ་ཕེབས་སྐབས་དག་པའི་སྣང་བ་འབྱམས་སུ་ཀླས་པ་གཟིགས། རིན་སྤུངས་སུ་དཔོན་ས་ཉིད་ལ་ཆེ་དབང་བརྒྱ་རྩ་གནང་ཞིང་། སྤྱི་སྒེར་ཁྲོམ་དབང་སོགས་ཆོས་ཀྱི་ཆར་པ་འབེབ་པར་མཛད་དེ། སྐལ་ལྡན་སྨིན་གྲོལ་ལ་འགོད་ཀྱིན་ཡར་འབྲོག་གཡུ་མཚོར་ཀོ་སྦྲེལ་གྱིས་ཕེབས་ཚེ། མཚོ་རླབས་ཀྱི་