R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༥༢
[A:༡༥༢]རྣམ་པས་ཀླུ་རྣམས་ཀྱིས་བསྟོད་པ་གསན་པའང་འདི་ལྟར། འཛམ་བུའི་གླིང་འདིར་གདུལ་བྱའི་སྣང་ཚུལ་དུ། །རྡོ་རྗེ་གདན་ནས་དཔག་ཚད་བརྒྱ་བགྲོད་པའི། །གཙང་སྟོད་གྲོམ་པ་དཔལ་ལྡན་ས་སྐྱ་དེ། །འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་འབྱོན་པའི་གནས། །གནས་ཆན་དེ་རུ་བློ་གཏད་མ་འཆུགས་པས། །ལྷ་ཀླུ་ལ་སོགས་སེམས་ཀྱི་རེ་བ་ཁེངས། །སླར་ཡང་འགྲོ་དོན་ཕྱོགས་མེད་བྱེད་པར་སྨོན། །ཞེས་སོ། ། རིམ་པས་ཆུ་ཤུལ་སྐྱེད་ཚལ་དུ་ཕེབས་ཚེ་ཞབས་ཀྱི་དྲེག་རོ་འཕར་ནས་རེ་ཤིག་འབྱོན་འཕྲོ་བཤོལ་ཏེ། སྤྱན་སྔའི་ཞབས་དྲུང་ནས་ཚེ་བཀའ་བརྒྱ་ཚར་དང་། ལྗགས་ལུང་སོགས་མང་བར་གསན། གོང་དཀར་སོགས་ཆོས་སྡེ་མང་པོར་མང་སྐོལ་མཛད། སྨན་དཔྱད་སོགས་ཀྱིས་འཕྲལ་དངས་གྱུར། རྣམ་རྒྱལ་གསེར་ཁང་དུ་ཆོས་སྐྱོང་ཆེན་པོའི་ལུང་བསྟན་བཞིན་བཅད་རྒྱ་ཞག་བདུན་གནང་། ལྷ་སར་ཇོ་ཤཱཀ་མཇལ་ཞིང་། དཀར་མེ་མཆོད་འབུལ་གསེར་གསོས་སོགས་རྒྱས་པར་ཕུལ། བསམ་ཡས་ཆོས་སྐྱོང་ཆེན་པོས་གདན་དྲངས་པ་བཞིན་ཕེབས་སྒོ་དོད་དེ། མཉེ་ཐང་དུ་ཨ་ཏི་ཤའི་སྐུ་འབུམ་མཇལ། དགེ་འདུན་ལ་མང་ཇ་བསྙེན་བཀུར་དང་བླ་མའི་རྣལ་འབྱོར་གནང་། གསང་ཕུ་གླིང་སྟོད་ཞབས་དྲུང་དང་། འབྲུག་པ་ལྕོག་གྲྭ་དཔོན་སློབ་མཇལ་ཁར་འབྱོར། རྡོ་རྗེ་