[A:༢༥༣]བྲག་ཏུ་ཕེབས་ཚེ་ཞབས་འདེགས་ལེགས་པར་ཞུས། དེ་ནས་རྡོ་མཆོད་དུ་ཕེབས་ཚེ་སྤྲུལ་པའི་ཆོས་རྒྱལ་སྐུ་འཁོར་ཡུལ་བདག་ལྷ་ཀླུ་སོགས་ཀྱིས་གླུ་གར་རོལ་མོར་བཅས་པས་བསུས་པའི་པི་ལྦང་གི་སྒྲ་ལས་བསྟོད་དབྱངས་གསན་པའི་ཐུགས་ཉམས་གསལ་པོ་དང་། སྔོན་དུས་བཻ་རོའི་སྐུ་ཚེར་སློབ་དཔོན་ཆོས་རྒྱལ་ལོ་པཎ་སོགས་མཇལ་ཕྲད་ཀྱིས་ཚུལ་ཐུགས་དྲན་གསལ་པོར་གསོས་ཤིང་། དབུ་རྩེ་ཆེན་མོའི་མཁན་སློབ་རབ་བྱུང་ཚོགས་ཀྱིས་སེར་ཕྲེང་བསུ་བ་ངོ་མཚར་དང་བཅས་ནས་ཕེབས། ཆོས་སྐྱོང་ཆེན་པོར་གཏང་རག་བསྐང་བཤགས་རྒྱས་པར་ཕུལ། བུ་ཚལ་གསེར་ཁང་དུ་གདན་ཕབ།
དགུང་ལོ་སོ་བརྒྱད་ཤིང་གླང་ལོ་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ཉིན་ལྕོག་སྟེང་དུ་བསངས་ཆེན་མཛད་ཚེ་ཆོས་སྐྱོང་ཆེན་པོ་སྐུ་ཕེབ་ས་ཏེ། གླང་ནས་གླང་ལོའི་བར་སོགས་ཀྱི་ལུང་བསྟན་གདེང་ཁེལ་ཕུལ། དེ་སྐབས་ལོ་ནས་སྤྱན་སྔ་བྱམས་པ་ཀུན་དགའི་མཚན་ཅན་གདན་དྲངས་ནས་བཀའ་ཆོས་ཡུན་རིང་པོར་གསན། ཕར་ཡང་། ས་ལོའི་བཀའ་འབུམ་གསུང་ངག་ཁྲིད་ཡིག སྙུང་གནས་ཆོ་ག རྡོ་རྗེ་གུར། རྩ་བརྒྱུད་བརྟག་གཉིས། རྗེ་ཉིད་ཀྱི་ལམ་གླུ་རིང་མོ་སོགས་ཀྱིས་ལྗགས་ལུང་སྩལ། འདི་ལོ་དམ་ཉམས་ཀྱིས་རྒྱུད་དཀྲུག་པ་ཁ་ཤས་ཀྱི་བྱེད་སྤྱོད་ལ་བརྟེན་བར་སྐབས་འཚུབས་ཟིང་ཞིག་བྱུང་བས་རྟེན་རྣམས་ལ་ཉམས་གྲིབ་བྱུང་ཚོད་