[A:༢༥༦]ཞུས་པར་ཀྱཻ་རྡོར་ལ་བརྟེན་པའི་ཉིན་གང་མ་ཞིག་གནང་། གྲུབ་རྒྱལ་དང་འབྱུང་འདུལ་རྗེས་གནང་སྩལ། བླ་བྲང་དཀར་པོའི་མཁན་ཆེན་གྱིས་གདན་དྲངས་པར་བྱོན་འདོད་ཆོས་འགའ་ཞིག་གནང་། རྒྱལ་མཁར་རྩེར་དཔོན་ས་ཡུམ་སྲས་ཀྱིས་གདན་དྲངས་པར་ཚེ་བཀའ་བརྒྱ་ཚར་གནང་། ཆོས་རྒྱལ་བསྟན་སྐྱོང་དབང་པོའི་སྐུ་རིམ་དུ་ཕུར་བཟློག དེ་སྐབས་ཆོས་རྒྱལ་བསྟན་སྐྱོང་དེ་ཉིད་དབུས་ཕྱོགས་སུ་ཕེབས་བཞེད་ཀྱིས་རྒྱལ་མཁར་རྩེ་བར། གཙང་ཕྱོགས་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་ཞུ་ཚིག་དངོས་ཆས་གང་གིས་ཀྱང་མ་བཤོལ་བར། རྗེ་ཉིད་ནས་དམ་ཚིག་དྲན་བསྐུལ་གྱི་ཚུལ་དུ་བཀའ་སྩལ་ལྕི་མོས་བཤོལ་ཚེ་དད་པའི་སྟོབས་ཀྱིས་བཀའ་བཟློག་མ་ནུས་པས་གཙང་ཕྱོགས་ཀྱི་སྐྱེ་དགུའི་རེ་སྐོང་དུ་གྱུར། སླར་ཡང་རེ་ཞིག་བར་སྦྱིན་བདག་གི་སྐུ་རིམ་དང་བསྟན་པ་སྤྱི་རིམ་དུས་མདོས་སོགས་ལེགས་པར་མཛད། ཆོས་རྒྱལ་དེ་ཉིད་ལ་ཡི་དམ་ཆོས་སྐྱོང་ཁ་ཡར་གྱི་རྗེས་གནང་མཛད། དཔལ་འབྱོར་རབ་བརྟན་གྱིས་གཞིས་ཀ་དང་། གྲྭ་ཐང་སྒྲུབ་སྡེ་སོགས་ཕུལ། དེ་སྐབས་ཤིག་ཐོབ་རྒྱལ་ཡུམ་ཆེད་གཏད་འབྱོར་བར། རྡུལ་ཚོན་ལ་བརྟེན་པའི་རྡོ་རྗེ་ཕུར་པའི་སྟོད་ལས་དབང་བསྐུར་སོགས་གནང་། ཆོས་རྒྱལ་བསྟན་སྐྱོང་དབང་པོའི་སྐུ་རིམ་འགའ་ཞིག་ཀྱང་ཚུགས་པར་མཛད་ནས། ཆོས་རྒྱལ་དེ་ཉིད་ཀྱིས་སྐྱེལ་ཐུང་བཅས་རིམ་ཕེབས་ཀྱིས་