[A:༢༥༧]སྐྱིད་ཁུད་ཆུ་ཚན་འཕྲོད་བཞེས་གནང་། གོང་དཀར་དུ་མང་སྐོལ་མཛད་ཅིང་ཞག་ཤས་གདན་ཕབས།
རིམ་པས་ཆིབས་བཏེག ར་བ་སྨད་གཙུག་ལག་ཁང་ལ་ཤིས་བརྗོད་སྩལ། ས་འབོར་གཞིས་ཀར་ཚེ་དབང་ཞིག་གནང་། གྲ་ཐང་ཆོས་སྡེས་སེར་ཕྲེང་དང་བཅས་གཞིས་ཀ་ཆེན་པོ་དཔལ་འབྱོར་རབ་བརྟན་དུ་ཕེབས་ཞག་ཤས་སོང་ནས། གྲ་ཐང་དུ་མཐོང་སྨོན་གཟིམ་སྤྱིལ་དུ་བཞུགས། གྲ་ཐང་གནོད་སྦྱིན་ཆེན་པོར་ཕྲིན་བཅོལ་རྒྱས་པར་གནང། ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཆེན་གྱི་དངུལ་གདུང་ཞབས་དྲུང་དང་། ལམ་འབྲས་བླ་བརྒྱུད་སོགས་ལ་རྟེན་མཇལ་དང་། བླ་བྲང་མགོན་ཁང་དུ་བསྐང་གསོ་དང་གཙུག་ལག་དེ་ཉིད་མི་ཉམས་པའི་གཉེར་གཏད་ཕྲིན་བཅོལ་མཛད། གྲ་མདའི་ཁྲོམ་ཚོགས་སེར་སྐྱ་ལ་དབང་བཀའ་གནང་། བྱམས་གླིང་མཆོད་རྟེན་མཇལ། སྒྲུབ་སྡེ་བླ་བྲང་དུ་བཞུགས་ནས་ཆོས་འཁོར་བསྐོར་མང་ཇ་བསྙེན་བཀུར་སོགས་རྒྱ་ཆེར་སྩལ། ཆོས་སྲུང་ལ་བསྐང་གསོ་དང་ཆོས་སྡེ་དར་བའི་ཕྲིན་བཅོལ་རྒྱས་པར་གནང་། བསྟན་པ་སྤྱི་དང་བྱེ་བྲག་རྗེ་འདི་ཉིད་ལ་གུས་ཞེན་ཆེན་པོས་ཞབས་འདེགས་ཕུལ་ཕྱིན་ཞུས་པའི་སྦྱིན་བདག་བསམ་དར་བས་འདི་རེས་ཀྱང་དཔལ་རབ་ཏུ་བསྙེན་བཀུར་ཕུན་སུམ་ཚོགས་པ་ཞུས།
དེ་ནས་དགུང་ལོ་ཞེ་གཅིག་བཞེས་པ་ས་འབྲུག་ལོ་དུས་ཚེས་