R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༥༩
[A:༢༥༩]ཞུས། གྲུ་ཁར་དཔོན་ས་རིན་ཆེན་འཛོམ་པས་ཐབས་བསུ་རྒྱས་པར་ཞུས། དེ་ནུབ་དཔོན་ཚང་རི་གདོང་དུ་བཞུགས། སང་སྔ་བར་ཐོབ་རྒྱལ་རྩེར་ཕེབས། སེར་སྐྱ་ཐམས་ཅད་ཀྱི་གཟབ་སྤྲོས་ཀྱིས་བསུས། ཕོ་བྲང་དུ་དཔོན་སའི་སྐུ་རིམ་ཕུར་བཟློག་མཛད། སྒེར་སྤྱི་ལ་ཚེ་དབང་སོགས་ཆོས་སྦྱིན་རྒྱ་ཆེར་སྩལ། རྗེ་ཉིད་འཁོར་བཅས་ལ་བསྙེན་བཀུར་ཕུན་སུམ་ཚོགས་པ་ཕུལ། པད་གླིང་གསུང་སྤྲུལ་མཁས་གྲུབ་ཚུལ་ཁྲིམས་རྡོ་རྗེར་ཆོས་འབྲེལ་གནང་། དགོན་ཁག་གསུམ་ལ་མང་ཇ་སྩལ། སླར་ཆིབས་འཁོར་བར་ཆོས་རྒྱལ་བསྟན་སྐྱོང་དབང་པོས་ཆིབས་བསུ་དང་བཅས་བསམ་རྩེའི་སྐྱིད་ཚལ་དུ་ཞག་ཤས་བཞུགས་ནས་ཆོས་རྒྱལ་ཉིད་ལ་སྒྲོལ་དཀར་སོགས་ཡི་དམ་ཁ་ཡར་གྱི་རྗེས་གནང་དང། གཞན་ཡང་ཆོས་འཁོར་དུ་མ་བསྐོར། དེ་ནས་རིམ་བརྒྱུད་གླང་དཀར་དུ་འཇམ་མགོན་ངག་དབང་དཀུ་ན་དགའ་བསོད་ནམས་ཀྱི་ཆིབས་བསུ་འབྱོར་བ་དང་སྐུ་མཆེད་སྡེབ་ནསལྷ་ཆེན་རིག་འཛིན་ཕོ་བྲང་དུ་ཕེབས་གསོལ་ཇ་དཀར་སྤྲོ་རྒྱས་པར་བཞེས། དེ་ནས་བདེ་མཆོག་ཕོ་བྲང་དུ་གདན་ཕབ་ནས། གནངས་ཉིན་ཕུན་ཆོགས་གླིང་གི་ཚོམས་ཆེན་དུ་ཕེབས་སྟོན་རྒྱས་པར་མཛད། ཨ་མེས་ཞབས་ལ་ས་སྐྱ་བཀའ་འབུམ་རིན་པོ་ཆེ་དང་འཇམ་མགོན་བསོད་ནམས་དབང་པོས་མཛད་པའི་སློབ་