R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦
[A:༢༦]རྒྱལ་མཚན་འཁྲུངས་ནས་ལོ། ཉེར་དགུ་ཆུ་ལུག་གཤེགས་དེའི་ལོ་བཅུ་ནི། ཡབ་ཀྱི་ཁོངས་དང་ལྷག་མ་བཅུ་དགུ་ནི། ལུས་དང་དེ་ལྕམ་དཔལ་འབྱོར་བཟང་མོ་ལས། ཡབ་རྗེ་ཉེར་བཞི་ས་སྟག་ལོར་འཁྲུངས་པ། ནམ་མཁའ་བཀྲ་ཤིས་ཞེ་དྲུག་ཆུ་ཕག་གཤེགས། ལོ་དྲུག་ཡབ་ཁོངས་ལྷག་མ་བཞི་བཅུ་ལུས། དེ་དང་དམའ་ཟེ་བཟའ་ལས་ཡབ་སོ་ལྔ། ཆུ་བྱིར་སངས་རྒྱས་ཚེ་བརྟན་འཁྲུངས་ནས་ལོ། ལྔ་བཅུ་ལྕགས་གླང་གཤེགས་དེའི་ལོ་བཅུ་གཉིས། ཡབ་ཀྱི་ཁོངས་གཏོགས་དེ་ལྷག་སོ་བརྒྱད་ལུས། དེ་དང་བུ་འདྲེན་སྐྱིད་ལས་ཡབ་ཉེར་དྲུག། མེ་གླང་བསྟན་པའི་གསལ་བྱེད་སྔགས་འཆང་ཆེ། ཀུན་དགའ་རིན་ཆེན་རེ་བརྒྱད་ཤིང་སྤྲེའི་བར། ཉེར་ལྔ་ཡབ་ཀྱི་ཁོངས་དང་ལྷག་ཞེ་གསུམ། དེ་དང་བཀྲ་ཤིས་དཔལ་གྱི་བུ་ཁྲིད་ལས། ཡབ་རྗེ་ཞེ་བདུན་ཆུ་ཕག་གྲགས་བློ་འཁྲུངས། ང་ལྔ་མེ་སྦྲུལ་བར་བཞུགས་ལོ་ཉེར་གཉིས། ཡབ་ཁོངས་ལྷག་མ་སོ་གསུམ་ལུས་དེ་དང། ལྷ་སྲས་བསོད་ནམས་རྒྱལ་མོར་ཡབ་སོ་ལྔ། མེ་བྱ་འཇམ་མགོན་ཨ་མེས་འཁྲུངས་ནས་ལོ། རེ་གསུམ་བཞུགས་དེའི་ཉེར་གཅིག་ཡབ་ཁོངས་དང། ལྷག་མ་ཞེ་གཉིས་ལུས་དང་ཨཽཊྱ་ན་སྐྱབས། རྣམ་གཉིས་ལས་བྱོན་ས་སྟག་ཡབ་ཞེ་གཉིས། བཞེས་ཚེ་འཇམ་དབྱངས་བསོད་ནམས་དབང་ཕྱུག་འཁྲུངས། ཞེ་བརྒྱད་ཤིང་