R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦༢
[A:༢༦༢]འདི་རེས་དགུང་གྲངས་ཞེ་གཉིས་ས་སྤྲུལ་ལོར་ཕེབས་པའི་ལོ་གསར་དུ་མཁའ་འགྲོ་ཆོས་སྲུང་ལ་མངའ་གསོལ་རྒྱས་པར་ཕུལ། རིམ་གྱིས་བཀྲ་ཤིས་སྦུག་ཏུ་ཕེབས་པ་དང་གདན་ས་ནས་ཐབས་བསུ་འབྱོར། སང་སྔ་བར་སྐུ་མཆེད་མཇལ་སྤྲོ་གནང་སྟེ་བདེ་མཆོག་ཏུ་བཞུགས། སྔ་སོར་ཆོས་རྒྱལ་ཆེན་པོར་སླར་མི་འགྱངས་བར་ཕེབས་པའི་ཞལ་བཞེས་ཡོད་ཀྱང་གདན་སའི་ལྷ་མི་ཐམས་ཅད་ཡིད་ཕྲེང་བའི་བསྒོར་བསྒྱིལ་ལྷ་བུས་སྤྱན་མིག་ཨན་ཙམ་སྙུན་ཚུལ་བྱུང་བར་སྨན་དཔྱད་དང་ལྷ་བསངས་གནང་ཞིང་གཟུགས་མེད་འབྱུང་པོའི་ཚོགས་ལ་བཀའ་བསྒོ་མཛད་པས་འཕྲལ་དངས་བྱུང་། དེ་ནས་གདན་ས་ནས་ཆིབས་བཏེགས་ཏེ་དོང་རྩེ་ན་ཁར་ཕེབས་ཚེ་ཆོས་རྒྱལ་ཆེན་པོའི་ཐབ་བསུ་དང་བཅས་རིམ་ཕེབས་ཀྱིས་སྐྱེད་ཚལ་དུ་བཞུགས་གནས་གནང་། ཆོས་རྒྱལ་ཉིད་ནས་དཔོན་ཚང་ཚ་རོང་ཚེ་དབང་རིག་འཛིན་པར་བཀོད་པ་དང་བཅས་སྤྱན་གྱི་སྙུན་གཞི་སླར་མིལྡང་བའི་འཕྲོད་བསྟེན་ཕུལ། དེ་ནས་སྡེ་སྲིད་ཀྱི་སྐུ་རིམ་དུ་མགོན་པོ་དྲུག་ཅུའི་གཏོར་བཟློག་གནང་། ཁྱབ་བདག་ཀུན་དགའ་ལྷུན་གྲུབ་ཀྱི་ཞབས་དྲུང་ནས་རྗེས་གནང་འགའ་ཞིག་གསན། སྡེ་སྲིད་སྲུང་འཁོར་སྒེར་སྤྱི་དང། ཞོལ་པར་ཁྲོམ་ཆོས་བཅལ་དབང་བཀའ་འགའ་ཞིག་སྩལ། མདའ་དཔོན་ས་ཕུད་ཆེ་བས་དབང་བཀའ་ཞུས་པར་བརྟེན་མང་རབ་ཅིག་