R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༦༧
[A:༢༦༧]བཅས་པ་ཁྱད་པར་གྲུབ་འཚམས་སྡེ་སྲིད་ནས་ཀྱང་སྐུ་རིམ་སྒྲུབ་དགོས་ཀྱི་རྟེན་འབྲེལ་རང་འགྲིག་ཏུ་མགོན་པོ་རབ་བརྟན་འབྱོར་བར་ཕུར་བཟློག་ཕྲལ་འཛུགས་གནང་ཞིང་། སླར་མགོན་ཁང་ལ་རབ་གནས་མངའ་གསོལ་ཤིས་བརྗོད་ཉིན། འཇའ་གུར་དང་མེ་ཏོག་གི་ཆར་མཐུན་སྣང་དུ་བྱུང་། བླ་མ་སྒོ་མོ་བས་གདན་དྲངས་པ་བཞིན་གསོན་གཤིན་རྗེས་འཛིན་རེ་སྐོང་གནང་། སྐབས་ཤིག་ནས་སྡེ་སྲིད་ཀྱིས་སྐུ་རིམ་སེར་ཚོགས་ཆེན་མོའི་ཚོགས་དབུར་ཕེབས་དགོས་འབྱོར་བར། བཤད་རྩོལ་ངང་ནས་རྒྱལ་ཁབ་ཏུ་ཕེབས་ཏེ་ཕུར་བཟློག་གནང་། བསྟན་པ་སྤྱི་སྒེར་དང་སྦྱིན་བདག་གི་རིམ་གྲོར་དགོངས་གཏད་ཀྱིས་དུས་མདོས་གཟབ་སྤྲོས་ལུགས་ཀྱི་གནོད་སྦྱིན་རྣམས་དང་རུ་འདྲེན་རྣམས་ཀྱི་ཆས་བཟོ་བཀོད་བརྩམ་ཚེ། ཐོག་མར་འཚུབ་ལྷོང་ཆེ་ཞིང་བཟོ་བོ་ཞིག་འབགས་བཙོག་གི་རྐྱེན་གྱིས་ཚེ་དུས་བྱས། གཞན་མར་བཀའ་བསྒོ་ཕྲིན་བཅོལ་སོགས་གནང་བས་གེགས་མེད་གྲུབ། དེ་ནས་དུས་མདོས་ཚུགས་ཤིང་ཟོར་འཕེན་ཉིན་ཆོས་སྲུང་རྒྱུད་གསུམ་དྲེགས་པ་གནམ་ས་ཁེངས་པ་དང། ཁྱད་པར་ཙེའུ་དམར་པོ། གནས་རྙིང་རྒྱལ་པོ་སོགས་ཀྱིས་རང་ཕྱོགས་སྲུང་ཞིང་གཞན་སྡེ་འཇོམས་པའི་རྣམ་འགྱུར་གསལ་པོ་དང་། སོག་འདྲེའི་འཚུབ་ཀྱི་རྣམ་པ་རླུང་དམར་གྱིས་རྫོང་ལ་བསྐོར་བའི་གསེབ་ཏུ་མི་དཀར་བེར་དཀར་ཅན་རྟ་དཀར་ལ་བཞོན་