[A:༢༦༨]པ་གཡས་གཡོན་དགྲ་སྟ་ཞགས་པ་ཐོགས་པ་ཞིག་ལ་འཁོར་རྒྱ་འདྲེ་མདོག་གོས་ལག་ཆ་སྣ་ཚོགས་ཅན་མང་པོ་འདུག་པ་རྩ་གསུམ་ཆོས་སྲུང་རྣམས་ཀྱིས་བྱང་ཕྱོགས་སུ་བསྐྲད་པ་གསལ་པོར་གཟིགས་པ་བཞིན། ཀུན་གྱི་མཐོང་སྣང་ལའང་གནས་རྙིང་རྒྱལ་པོའི་ཁང་པ་ནས་རླུང་དམར་གཡས་བསྐོར་བྱང་ཕྱོགས་དུ་སོང་བས་གཏོར་རྫོང་གྲུབ་ནས་སླར་ལོག་ཚེ་དྲུང་འཁོར་རྣམས་ཀྱི་རླུང་དམར་སོགས་འཚུབ་འགྱུར་དེ་འདྲ་སྡེ་སྲིད་ལ་སྐུ་དོག་འདྲ་མེད་དམ་ཞུས་པས། སྤྱིར་གྱིས་ཆོས་རྒྱལ་ཉིད་ཐུགས་དང་བརྟན་པས་སྐྱོན་ཆེན་གཏན་མི་འོང་ཡང་མཐའ་མིའི་དམག་གིས་ཐུགས་བསུན་ཕྲན་བུ་ཞིག་འཕྲལ་དུ་ཡོང་དོགས་ཡོད་པས་ཟོར་སྐྱོར་དགོས་ཞེས་གསུངས།
དགུང་ལོ་ཞེ་ལྔ་ཆུ་སྤྲེལ་ལོར་ཕེབས་པའི་ལོ་གསར་དགའ་སྟོན་སོགས་ཞིབ་རྒྱས་གནང་། སོག་བཟློག་ལ་དགོངས་པའི་ཀླུ་སྡིངས་སུ་བདུན་གསུམ་ལ་བཅད་རྒྱ་གནང་ནས་ཕུར་བཟློགས་ཚད་སྨིན་མཛད། སླར་ཡང་ཤར་པྱོགས་སུ་ཆིབས་བསྒྱུར་ཏེ། ལམ་བར་སྐལ་ལྡན་དུ་མ་སྨིན་གྲོལ་ལ་འགོད་བཞིན་པས་རྒྱལ་མཁར་རྩེར་ཕེབས། བདག་ཆེན་བློ་གྲོས་པའི་གནས་མཆོག་ཁྱད་པར་འཕགས་པ་དེར་མགོན་ཁང་དུ་གཏོར་སྤོད་གནང་བ་སོགས་རེ་ཞིག་བཞུགས། སྦྱིན་བདག་སྡེ་སྲིད་མཆོག་གི་རིམ་གྲོ་དང་སོགས་བཟློག་ལ་ཟིལ་གནོན་མགོན་ཁང་དུ་བདུན་ཕྲག་གཅིག་ཏུ་བཅད་རྒྱ་