R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༧
[A:༢༧]གླང་གཤེགས་དེའི་ལོ་ཉེར་གཉིས། ཡབ་ཁོངས་ལྷག་མ་ཉེར་དྲུག་ལུས་དེ་དང། པད་དཀར་བུ་ཁྲིད་ལས་ནི་ཡབ་བཅུ་དགུ། མེ་སྤྲེར་ངག་དབང་ཀུན་དགའ་བཀྲ་ཤིས་བལྟམས། ང་དྲུག་ལྕགས་ཡོས་གཤེགས་དེའི་ལོ་སུམ་ཅུ། ཡབ་ཁོངས་ལྷག་མ་ཉེར་དྲུག་ལུས་དེ་དང། བསྟན་འཛིན་བསོད་ནམས་བཟང་མོར་ཡབ་ལྔ་བཅུ། ཤིང་བྱར་རྩ་བའི་བླ་མ་དམ་པ་འཁྲུངས། སོ་བདུན་ལྕགས་བྱར་གཤེགས་དེའི་དགུང་བདུན་ནི། ཡབ་ཁོངས་ལྷག་མ་སུམ་ཅུ་བཞུགས་དང་ནི། དྲིན་ཅན་བསོད་ནམས་དཔལ་གྱི་དབང་མོ་ལས། ཡབ་རྗེ་ཉེར་ལྔ་ས་བྱར་ཁོ་བོ་བཙས། རབ་བྱུང་བཅུ་གསུམ་ལྕགས་གླང་འདི་ཡན་ལ། ང་གཉིས་འདས་ཤིང་ད་ལྟ་ང་གསུམ་པའི། བཅུ་གསུམ་ཡབ་ཁོངས་ལྷག་མ་བཞི་བཅུར་སླེབས། གཡུ་རིང་ནས་བཟུང་དུས་མཆོད་བླ་བྲང་བརྒྱུད། ཁོ་བོ་ཡན་དུ་སོ་བཞི་བྱོན་ཟིན་ཅིང། སོ་ལྔ་ཁོ་བོ་དཀོན་མཆོག་རྒྱལ་པོ་ནས། ད་བར་མི་ཐོག་ཉི་ཤུའི་ལོ་སྡོམས་ནི། བདུན་བརྒྱ་ཞེ་བདུན་འདས་ཤིང་ཞེ་བརྒྱད་སླེབས། རང་ལོ་སོ་ལྔ་ཆུ་ལུག་གདུང་བགྲེས་པ། ད་ལྟ་བཅུ་དགུ་ལོན་དང་སོ་བརྒྱད་པ། མེ་ཁྱིར་གདུང་གཞོན་ད་ལྟ་བཅུ་དྲུག་པ། འདི་གཉིས་བསྐལ་བཟང་བདེ་སྐྱིད་བུ་ཁྲིད་ལས། ལེགས་འཁྲུངས་དེ་དག་ལས་བྱོན་ངག་དབང་ལྷ། ཏི་ལ་ཀར་གསུངས་ལེགས་བཤད་