[A:༢༧༢]འབུལ་བ་སྤོམ་མཐོར་བཏེག སྤ་གྲོ་གཞུང་བརྒྱུད། འབྲུག་ཆོས་སྡིངས་སུ་ཕེབས། འབྲུག་པ་སྤྱི་བླ་དང་སྤ་གྲོའི་ཡོན་བདག་གི་དད་འདུན་བསྙེན་བཀུར་བསམ་གྱིས་མི་ཁྱབ་པ་ཞུས། དེ་ནས་མི་ཕམ་ངག་དབང་རྣམ་རྒྱལ་དྲུང་དུ་ཕེབས་པའི་ལམ་ཁར་གཞི་བདག་གི་འཚུབ་ཉམས་བུ་ཡུག་གིས་ཐུགས་བསུན་པ་ཞིག་བྱུང་ཡང་། ཉེས་པས་མ་གོས་པར་དཔེ་མེད་ཐང་དུ་ཕེབས། འཚུབ་རྐྱེན་འགྱུར་བའི་རྣམ་པས་གནས་མོ་དེ་ཐོག་སོ་གཉིས་ནས་བྲུལ་ཡང་སྐྱོན་མ་བྱུང་། ཕྱིར་ཉིན་སྔ་བར་གདུང་བརྒྱུད་དང་མཇལ་འཕྲད་མཛད་ཅིང་། འཕང་ཡེ་དགོན་ནས་བླ་མ་སྤྱི་དཔོན་རྣམས་ཀྱིས་ནན་ཅན་གྱིས་གདན་འདྲེན་འབྱོར་བ་ལྟར། ལམ་འཕྲང་ཚད་ནད་མི་དང་ཟ་མ་གང་སར་ཡ་ང་བར་གྱུར་ཀྱང་བསྟན་འགྲོར་དགོངས་ཏེ་ཤར་གྱིས་ཕེབས། བསྟོད་པའི་ལ་རྒྱབ། འཕན་སྟེང་ནས་སེར་ཕྲེང་བཅས་ཞབས་ཏོག་རྒྱས་པར་ཞུས། ལོ་རུ་བྱོན་ཚེ་ཡང་ཐེད་པ་མི་ལོག་རྣམས་ཀྱི་འབུལ་བ་བསྙེན་བཀུར་ལེགས་པ་བྱུང་། བར་གྲོང་ཟམ་པ་སོགས་ལ་སྐུ་ཕྲེང་སྔོན་མའི་སྨོན་མཐུ་བཙན་པས་ཉེས་མེད་དུ་ཕེབས། འཕང་ཡེ་བླ་སྤྱིའི་རྟ་ཐབ་བསུ། སེར་ཕྲེང་བཅས་ཕུན་སུམ་ཚོགས་པ་བྱུར་། གནས་དེ་བླ་མ་གོང་མའི་ཞབས་ཀྱིས་བཅགས་ཤིང་། སྔགས་འཆང་ཆེན་པོའི་ཕྱག་བྲིས་ཀྱི་མགོན་ཁང་བར་ཆད་ཀུན་སེལ་སོགས་ཀྱང་བཞུགས། ཆོས་ཀྱིས་སྦྱིན་པ་རྒྱ་ཆེར་