[A:༢༧༣]སྩལ། ཆགས་སྡང་ཁ་མཆུ་སོགས་ཀྱང་བདེ་འཇགས་མཛད། སྤེལ་ཤིང་། མང་རྩེ། སྤོ་ཏོག་སོགས་དགོན་ཁག་མང་པོའི་གདན་འདྲེན་འབྱོར། གནས་དེའི་སྔགས་འཆང་ཆེན་པོའི་བཞུགས་ཁྲི་ཁ་གསོས་གནང་། ཕྱག་བྲིས་མགོན་ཁང་རྣམས་ལ་ཕྲིན་འཆོལ་མཛད་ནས་རིམ་གྱིས་ཕེབས་ཏེ་བར་གྲོང་ལྕགས་ཟམ་ཁར་མང་རྩེ་སྤོ་ཏོག་དགའ་སེ་ཡོན་མཆོད་རྣམས་མཇལ་ཁར་སླེབས་པར་བྱིན་བརླབས་བསྔོ་སྨོན་སོགས་ཆོས་འབྲེལ་གནང་། འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་། རྙིལ་དུ་ཕེབས་ཚེ་སྣར་ཐང་བླ་མ་དཔོན་སློབ་རྣམས་ཀྱིས་ཞབས་འདེགས་ཚད་མེད་ཕུལ། རང་ལུགས་ཤོ་མངས་དགོན་པར་རི་བོང་ཚང་ལོག་དགོས་པའི་དམ་བསྒྲགས་གནང་། རྙིལ་མའི་ལ་ཆེན་བརྒལ། རིམ་གྱིས་ས་སྐྱའི་དབུ་ཆེན་ནམ་མཁའ་བསམ་གྲུབ་པས་གསར་བཏབ་ཀྱི་དགོན་མིང་བཀྲ་ཤིས་དར་རྒྱས་གནང་། སྤེལ་ཤིང་དགོན་པས་གདན་དྲངས་པར་བྱོན། སེར་ཕྲེང་སོགས་ཀྱིས་མདུན་བསུས་ནས་ཆོས་ཁྲི་གསར་བརྩིགས་ཀྱི་སྟེང་དུ་ཕེབས། འབུལ་བ་བསྙེན་བཀུར་ཚད་མེད་བྱུང་ཞིང་ཆོས་སྦྱིན་རྒྱ་ཆེར་བསྩལ་ནས་རེ་ཞིག་བཞུགས། སྤ་དཀར་དུ་ཕ་ཚན་ནང་འཁྲུག་གིས་ཡུལ་ཁམས་སྟོངས་སུ་ཉེ་བར། ལམ་འཕྲང་ཚད་པ་སོགས་ཡ་ང་བའི་ཡུལ་ཡིན་ཀྱང་བསྟན་འགྲོར་དགོངས་པའི་ཐུགས་བསྐྱེད་སྦར་བཅངས་གནང་སྟེ་ཕེབས་ནས་བདེ་འཇགས་སུ་